དུས་ཚོད་སྤྱི་ལོ་ ༢༠༢༤/༡/༡༩ དགོང་མོ།
ས་བཅུ་ལམ་ལྔའི་ཐེམ་སྐས་རིང་པོ་གོལ་མེད་མཆོག་ཏུ་རབ་བསྒྲོད་པའི། །
v དུས་གསུམ་བདེ་གཤེགས་ཀུན་གྱི་མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་ཀྱི་རྗེ། །
འཁྲུལ་མེད་ཀུན་མཁྱེན་དུས་གསུམ་མཁྱེན་པའི་གསེར་ཕྲེང་བསྟིར་མེད་དངོས་འཛིན་པོ། །
རྒྱལ་དབང་བཅུ་བདུན་མཆོག་གི་ཞབས་སེན་སྤྱི་བོར་བཀོད་དེ་གུས་པས་འདུད། །
ཅེས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་། བདག་ཅག་ཡོངས་ཀྱི་མགོན་སྐྱབས་གཉིས་པ་མེད་པ། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་དད་གསུམ་ཨུད་པལ་དཀར་པོའི་མཆོད་བརྗོད་ཀྱིས་སྔོན་བསུས་ཏེ། བཀའ་བརྒྱུད་དགུན་ཆོས་ཆེན་མོའི་ཆ་ཤས་སུ་འགྱུར་བའི་བཀའ་བརྒྱུད་བཤད་གྲྭ་བ་རྣམས་ཀྱི་རྩོད་གླེང་སྐོར་ཅུང་ཙམ་ཞིག་དོན་ཚན་གསུམ་གྱི་སྒོ་ནས་གསལ་ན།
༡༽ རྩོད་གླེང་དབུ་ཚུགས་པའི་དུས་དང་ཚུལ། ༢༽ དགོས་པའམ་དམིགས་ཡུལ། ༣༽ མཇུག་བསྡུས་པ། དང་པོ་རྩོད་གླེང་དབུ་ཚུགས་པའི་དུས་དང་ཚུལ། དགོས་པའམ་དམིགས་ཡུལ་ནི།
སྤྱིར་རྩོད་གླེང་གནང་སྟངས་ཀྱི་རྣམ་པ་དང་། ལུང་རིགས་ཀྱི་སྒོ་ནས་དགའ་སྒྲུབ་བྱེད་སྟངས་སོགས་ཏོག་ཙམ་འདྲ་བ་དང་མི་འདྲ་བའི་ཆ་ཡོད་ཀྱང་། གནའ་སྔ་མོའི་དུས་ནས་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་ལ་དར་སྲོལ་ཡོད་པ་ཞིག་ཡིན་ལ། ལྷག་པར་དུ་དུས་རབས་བཅོ་བརྒྱད་ཆེས་དར་ཁྱབ་ཆེ་བ་དང་། དེང་གི་དུས་སུ་གཙུག་ལག་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་སོགས་ཤེས་རིག་གི་སྡེ་ཚན་ཁག་ཏུ་དར་ཁྱབ་ཆེ་ལ། ཤེས་ཡོན་གོང་འཕེལ་དུ་འགྲོ་ཐབས་དང་ཕན་ཚུན་བར་གོ་རྟོགས་དང་མཐུན་ལམ་སྤེལ་བའི་ཟམ་པ་ལྟ་བུ་ཆགས་ཏེ། གལ་གནད་རང་བཞིན་ལྡན་ཞིང་དུས་ཀྱི་འགྲོས་དང་མཐུན་པའི་མདུན་བསྐྱོད་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་པས།
༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཀྱང་འཕྲལ་ཕུགས་རྒྱངས་གསུམ་ལ་ཁྱབ་པའི་བླ་ན་མེད་པའི་དགོངས་པ་ཆེས་ཟབ་བཞེས་གནང་ཏེ།
སློབ་དཔོན་ཆེན་མོ་དབྱིག་གཉེན་གྱི་ཞལ་སྔ་ནས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་པ། །
སྒྲུབ་པ་བྱེད་པ་ཁོ་ན་འོ། ། ཞེས་གསུངས་པ་བཞིན་དུ། འགྲན་པའི་ཟླ་བྲལ་བ་བདག་ཅག་གི་སྟོན་པ་ཆེན་པོ། རྣམ་འདྲེན་བཞི་པ་ཤཀྱའི་སེང་གེ་མཆོག་གིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ་མཐར་གནས་མཆོག་རྡོ་རྗེ་འདི་རང་ལ་མངོན་པར་རྫོགས་པའི་སངས་རྒྱས་ནས། ཀ་དག་གཉིས་མེད་ཆོས་དབྱིངས་ཆེན་པོའི་ཀློང་ནས་མ་དོར་བར། ཇི་སྐད་དུ། འགྲོ་ལ་ཆགས་པས་ཆགས་མེད་མཛད། གསུངས་པ་ལྟར་དུ་བརྗོད་པའི་ཚིག་དང་བསམ་པའི་ཡུལ་ལས་འདས་པའི་ཐུགས་བརྩེ་ཡེ་ཤེས་ཆེན་པོའི་ཀློང་ནས་འགྲོ་ཀུན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་གསུམ་ལས་བདེ་བླག་དུ་བརྒལ་ནས། མཐར་སངས་རྒྱས་རང་ཉིད་དང་མཚུངས་པའི་གོ་འཕང་བླ་ན་མེད་པ་མངོན་དུ་འགྱུར་བའི་སླད་དུ་དམིགས་ནས།
དེ་ཡང་ཇི་སྐད་དུ།
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །
བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། ཞེས་གསུངས་པ་བཞིན་དུ། སྔར་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་ཕྱི་རོལ་པའི་སྟོན་པ་དང་རྟག་པ་བྱེད་པོ་འདོད་པ་སོགས་བྱུང་ཡོད་ཀྱང་སུས་ཀྱང་མ་གསུངས་ཤིང་མ་གྲགས་པ། སྟོན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་འདིར་བྱོན་པ་དང་། སྔར་གང་དུ་ཡང་མ་ཤར་བ་ཟླ་མེད་བསྟན་པའི་ཉི་འོད་གསར་བའི་ཟབ་ཞི་སྤྲོས་པ་ཀུན་བྲལ་བའི་བདུད་རྩི་ལྟ་བུའི་རྟེན་འབྲེལ་གྱི་ཆོས་ཚུལ་ཆེན་མོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད། ཇི་སྲིད་མ་འོངས་པའི་སྟོན་པ་རྣམ་འདྲེན་ལྔ་པ་རྒྱལ་བ་བྱམས་པ་མགོན་པོ་མ་བྱོན་པ་དེ་སྲིད་དུ། ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་གྱུར་སྟོན་པའི་ཆོས་ཚུལ་དེ་ཉིད་ཉམས་པའི་དྲི་མ་ཙམ་མ་མཆིས་པར་གང་ལ་གང་འདུལ་གྱི་ཕྲིན་ལས་འཇུག་ཐུབ་པ་ལ། གོང་དུ་ཞུས་པ་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྨྲ་བྱེད་པ་དང་ཐོས་བསམ་སྒོམ་གསུམ་ཡ་བྲལ་དུ་མ་གྱུར་པར་ཟུང་དུ་འཇུག་པའི་སྒོ་ནས་སྒྲུབ་པ་བྱེད་པའི་ཚུལ་གཉིས་ཀྱི་རྭ་བ་ལས་མ་འདས་པའི་ཕྱིར་ན། དེ་དག་ཡུན་དུ་བརྟན་ཅིང་གནས་པ་དང་། ལྷག་པར་དུ་རང་རིགས་བཀའ་བརྒྱུད་པ་རྣམས་དུས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་དབང་གིས་བཤད་པ་དང་སྒྲུབ་པའི་སྡེ་གཉིས་ལས། སྒྲུབ་པའི་སྡེ་དེ་ཙམ་མ་ཉམས་ཀྱང་བཤད་པའི་སྡེ་ཆེས་ཉམས་ཏེ་སྟོང་ཆ་ཆེན་པོ་ཞིག་གི་མཚམས་སུ་སླེབས་པའི་དུས་སུ། སངས་རྒྱས་མི་ཡི་གཟུགས་སུ་བྱོན་པའི་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་འབྲས་ལྗོངས་རུམ་བཏེག་ཏུ་བྱེས་ཀྱི་གདན་ས་ཐོག་མ་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་དང་ཀརྨ་ཤྲཱི་ནཱ་ལཎྜ་གཙུག་ལག་སློབ་གཉེར་ཁང་ཕྱག་བཏབ་ནས་བཟུང་། བཤད་སྒྲུབ་ཀྱི་སྡེ་གཉིས་ལ་བཟང་ཕྱོགས་འགྱུར་བ་ཆེན་པོ་ཕྱིན་པའི་དབུ་ཚུགས། དེ་དག་མི་ཉམས་པར་དཀར་ཕྱོགས་ཀྱི་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བའི་སླད་དུ། སྤྱི་ལོ ༢༠༠༤ ནས་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐུགས་འགན་བཞེས་པ་ནས་བཟུང་ལོ་རེ་བཞིན་དུ་བཀའ་བརྒྱུད་དགུན་ཆོས་ཕྱོགས་སུ་ཡང་འཆད་རྩོད་རྩོམ་གསུམ་གྱི་བྱའི་ཡར་རྒྱས་ཀྱི་ཚེས་པའི་དུང་ཟླ་ཤར་ནས། དགུན་ཆོས་སྐབས་སུ་རྩོད་པའི་རིག་པ་དང་རྩལ་རྫོགས་པའི་ཆེད་དུ། བཀའ་དགོན་ཕན་ཚུན་བར་འགྲན་རྩོད་དང་། རྩོམ་པའི་སྒྱུ་རྩལ་རྫོགས་པའི་ཆེད་དུ་བརྗོད་བྱ་བྱེ་བྲག་པ་ཞིག་གི་སྟེང་དུ་བགྲོ་གླེང་གི་རྩོམ་ཤོག་དང་དཔྱད་རྩོམ་སྤེལ་བ། ཉིས་སྟོང་བཅུ་གསུམ་ནས་སློབ་གཉེར་བ་རྣམས་ཀྱི་ལོ་མང་རིང་དུ་གཞུང་ཆེན་པོད་ལྔ་གཙོས་པའི་གཞུང་ལུགས་མང་པོ་ཞིག་ལ་དཀའ་བ་ཁྱད་དུ་བསད། འབད་པས་དང་དུ་བླངས་ནས་ཐུགས་སུ་ཆུད་པའི་སྦྱོང་པའི་ཡོན་ཏན་རྣམས་གཞན་ལ་ཇི་ལྟར་བར་གོ་རྟོགས་སྤེལ་ཐུབ་པ་ལ། འཆད་པའི་ངག་རྩལ་དེ་མེད་དུ་མི་རུང་བའི་ཡན་ལག་ཞིག་ཆགས་ཡོད་པས། འཆད་པའི་ངག་གི་རྩལ་རྫོགས་པའི་ཆེད་དུ་༧རྒྱལ་དབང་མཆོག་དབུ་བཞུགས་ཐོག་བཀའ་བརྒྱུད་བཤད་གྲྭ་སོ་སོའི་མཁན་པོ་རྣམས་ལྷན་འཛོམས་ཐོག་རྩོད་གླེང་གི་བརྗོད་བྱ་ཐུགས་ཐག་བཅད་ནས་དབུ་བཙུགས་ཏེ་དགོན་སྡེ་རེ་རེ་ནས་རྩོད་གླེང་པ་རེ་རེ་མཉམ་ཞུགས་གནང་ཏེ་རྩོད་གླེང་ལོ་ལྟར་འགྲོ་བཞིན་ཡོད་ཅིང་།
ད་ལན་རྩོད་གླེང་ཐོག་རྙིང་མའི་མཆོག་སྤྲུལ་སྐྱབས་རྗེ་ནམ་མཁའི་སྙིང་པོ་དང་། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། སྐྱབས་རྗེ་ཚོགས་གཉིས་རིན་པོ་ཆེ་རྣམ་པ་དབུས་པའི་མཁན་སྤྲུལ་སེར་སྐྱ་འདུས་མང་ཡོངས་ཀྱི་དབུས་སུ། གཙོ་སྐྱོང་བ་ཀརྨ་ཤྲཱི་ནཱ་ལཎྜ་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་མཁན་པོ་སྐལ་བཟང་ཉི་མ་མཆོག་གིས་སྤྱིར་རྩོད་གླེང་གི་དགོས་པ་རྒྱུ་མཚན་དང་། ལོ་རྒྱུས་རྒྱབ་ལྗོངས་རྒྱས་པར་ངོ་སྤྲོད་དང་། འདི་ལོའི་རྩོད་གླེང་གི་བརྗོད་བྱ་སྤྱོད་ལམ་ལས་ཤེས་ཡོན་གལ་ཆེའམ། ཤེས་ཡོན་ལས་སྤྱོད་ལམ་གལ་ཆེ་ཞེས་པའི་བརྗོད་གཞི་ཐོག་དགོས་དམིགས་དང་དགེ་ཕན་སོགས་ངོ་སྤྲོད་ཁ་གསལ་གོ་བདེ་གནང་རྗེས། དགག་སྒྲུབ་ཕྱོགས་གཉིས་ཀྱི་རྩོད་གླེང་པ་ཕྱོགས་གཉིས་ལས། དང་པོ་སྒྲུབ་ཕྱོགས་པ་རྣམས་ནས་སྤྱོད་ལམ་ལས་ཤེས་ཡོན་གལ་ཆེན་རང་བཞིན་ཅན་ཡིན་པ་སྐར་མ་བཅུ་རིང་ལ་རྩོད་གཞིའམ་བརྗོད་བྱ་བཏིང་གནང་རྗེས། རྩོད་གླེང་པ་རེ་ལ་སྐར་མ་ལྔའི་རིང་ལ་བརྗོད་བྱ་དང་འབྲེལ་བའི་གསལ་ཁ་དང་། མཐར་འགྲན་རྩོད་པ་རེར་སྐར་མ་གཅིག་གི་རིང་ལ་སྒྲུབ་དོན་བསྡུས་པའི་སྐབས་སུ། མདོ་སྡེ་རྒྱན་ལས།
རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །
དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །
བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། ། ཅེས་སོགས་ལུང་དང་འདས་པའི་ལོ་རྒྱུས། རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས། གཙོ་སྐྱོང་པ་དང་གཟིགས་མོ་བ་ཚང་མ་ལ་དངོས་གནས་ཤེས་ཡོན་གལ་ཆེན་རང་བཞིན་ཡིན་ས་རེད་བསམ་པའི་རྟོག་བློ་སྐྱེ་ཐུབ་པའི་ཡིད་དབང་འཕྲོག་པའི་སྒོ་ནས་བསྒྲུབ་གནང་སོང་ལ།
དེ་རྗེས་སུ་དམངས་ལ་བཀའ་འདྲིའི་གོ་སྐབས་སྐར་མ་བཅུ་དང་།
དེ་བཞིན་དུ་དགའ་ཕྱོགས་པ་རྣམས་ཀྱིས་ཀྱང་ཤེས་ཡོན་ལས་སྤྱོད་ལམ་གལ་གནད་ཆེ་བའི་རང་བཞིན་ཅན་ཡིན་པ་མིག་ལྟ་བུ་ཡིན་པའི་དཔེ་དང་།
ཇི་སྐད་དུ།
མི་ཡི་སྤྱོད་པ་ལེགས་ལྡན་ན། །
ལྷ་ཡུལ་བགྲོད་པ་ཐག་མི་རིང་། ། ཞེས་སོགས་ལུང་མཐའ་ཡས་པ་དང་། སྤྱོད་ལམ་མེད་ན་ཤེས་ཡོན་ཡོད་ཀྱང་གནོད་པ་ལས་ཕན་ཐོག་མེད་པ་འཛམ་གླིང་དམག་འཁྲུག་དང་པོ་གཉིས་པ་སོགས་དཔེ་བཞག་ནས་རིག་པའི་སྒོ་དུ་མ་དང་ལོ་རྒྱུས་སོགས་གསུངས་གནང་ནས། སྤྱོད་ལམ་རང་མེད་ཐབས་མེད་པ་ཡིན་པ་ལས། ཤེས་ཡོན་དགོས་མཁོ་ཡོད་ས་མ་རེད་བསམ་པའི་འདུ་ཤེས་སྐྱེ་ཐུབ་པར་བསྒྲུབས་གནང་སོང་།
༣༽ མཇུག་བསྡུས་བ་ནི། མཐར་རྩོད་པ་གླེང་པ་གཅིག་ལ་སྐར་མ་ལྔའི་རིང་དུ་ཆེས་མཐའ་མའི་དགག་སྒྲུབ་རང་རང་གི་སྙིང་དོན་བརྗོད་པའི་སྒོ་ནས་ནོངས་བཤགས་སོགས་ཕུལ་བ་དང་། གཙོ་སྐྱོང་པ་མཁན་པོ་སྐལ་བཟང་ཉི་མ་མཆོག་ནས་བསྔགས་བརྗོད་ཀྱི་ཡི་རང་གནང་ནས། དམ་པའི་ཆོས་ཀྱི་འབེལ་གཏམ་འདི་ལས་བྱུང་བའི་རྣམ་དཀར་གྱི་དགེ་རྩ་ཐམས་ཅད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་སྐུ་ཚེ་མི་འགྱུར་རྟག་པར་བཞུགས་པ་དང་། ལྷག་པར་དུ་བདག་ཅག་རྣམས་ཀྱི་མེ་ཏོག་གོང་ཕོག་པའི་ལྷ་སྐལ་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གཙོས་པའི་རྒྱལ་བ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་བཞེད་མཐའ་དག་བགེགས་མེད་དུ་འགྲུབ་པ་དང་སྐུ་ཚེ་རྟག་ཏུ་བརྟན་ནས་གསང་གསུམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། འགྲོ་ཁམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་སོགས་ཀྱི་རྒྱུ་རུ་བསྔོ་བའི་དགེ་འདུན་མི་ཕྱེད་འདུས་པའི་ཚོགས་ལ་གསོལ་བཏབ་པ། དེ་དེ་བཞིན་དུ་གནང་ནས་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་བཞི་པའི་རྩོད་གླེང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཉིན་གཉིས་པའི་དགུང་མོར་ལེགས་པར་གྲུབ་སོང་།
ཞེས་སྤྱི་ལོ་༢༠༢༤/༡/༢༠ ཉིན་ལ་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།