KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༈ བཙུན་མ་རྣམས་ལ་སྒོ་ཕྱུགས་རིགས་སྐྱོབ་པའི་ཐབས་ལམ་དང་པོའི་སྦྱོང་བརྡར་སྤྲད་པ།

༈ བཙུན་མ་རྣམས་ལ་སྒོ་ཕྱུགས་རིགས་སྐྱོབ་པའི་ཐབས་ལམ་དང་པོའི་སྦྱོང་བརྡར་སྤྲད་པ།

བཀའ་བརྒྱུད་སྨོན་ལམ་ཚོགས་པའི་རིན་མེད་དུད་འགྲོའི་སྨན་བཅོས་སྡེ་ཚན། དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༩ ཉིན། ས་གནས། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆོས་རའི་རྒྱལ་སྒོའི་ཕྱི་ངོགས།

བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་ནི་མཁའ་ཁྱབ་སེམས་ཅན་ཀུན་ལ་ཉེ་རིང་དང་བྲལ་བའི་ཐུགས་རྗེའི་དཔལ་གྱིས་ཁྱབ་པའི་སྟོན་ པ་བླ་ན་མེད་པ་ཞིག་ཡིན། དེ་ཡང་སེམས་ཅན་མཐའ་དག་སྡུག་བསྔལ་གསུམ་གྱིས་མནར་བ་འབའ་ཞིག་ཡིན་པ་དང་། ཁྱད་པར་དུ་སྡུག་བསྔལ་གྱི་ སྡུག་བསྔལ་གྱིས་མནར་བ་ལས་སྐྱོབ་པ་ནི་འཕྲལ་དུ་མཁོ་བའི་དགེ་ཚོགས་དཔག་ཏུ་མེད་པ་སྐྲུན་པར་བྱེད་ཕྱིར་དེ་ལྟའི་བགྱི་བ་ལ་ཞུགས་པ་ནི་ངོ་ མཚར་བླ་ན་མེད་པ་ཡིན། སྤྱིར་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་དགོས་དོན་ནི། འཇིག་རྟེན་ཀུན་ཏུ་ཞི་བདེའི་དཔལ་གྱིས་ཁྱབ་པའི་སླད་དང་། མ་རྒན་སེམས་ཅན་ཀུན་གྱི་སྡུག་བསྔལ་ཞི་བའི་ཕྱིར་ཡིན་པས། འདི་ཉིད་ནི་༸རྒྱལ་དབང་མཆོག་གི་བཞེད་དོན་གཙོ་བོ་ཡང་ཡིན། དེས་ན་རང་ ཅག་རྣམས་ཀྱི་ངོས་ནས་གཡུང་རིགས་ཁྱི་དང་བྱི་ལ། དེ་བཞིན་སྒོ་ཕྱུགས་གི་ཟོག་རྣམས་རིན་མེད་དུད་འགྲོའི་སྨན་བཅོས་སྡེ་ཚན་འདི་བརྒྱུད་ནས་ ཕན་བདེ་བསྒྲུབ་ནུས་ཚེ་སྤྱིར་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་དགོས་དོན་གྲུབ་པ་དང་། བྱེ་བྲག་ཏུ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་ དགོངས་པ་ཚུལ་བཞིན་སྐོང་ནུས་པ་ཡིན། ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་དུད་འགྲོའི་སྨན་བཅོས་སྡེ་ཚན་གྱི་ལས་མི་ཡོངས་ལ་སྩལ་བའི་བཀའ་སློབ་ཁྲོད་ལས་ཕྱུང་།

འཕགས་མ་བདེ་ཆོས་མའི་དགུན་ཆོས་ཕྱིར་ཞུགས་པའི་བཙུན་མའི་དགོན་ཁག་དྲུག་ནས་བཙུན་མ་བཅུ་གཉིས་ཀྱིས་འདི་ལོ་དུད་འགྲོ་ནད་མནར་བ་ རྣམས་ལ་ཐོག་མའི་སྨན་བཅོས་ཇི་ལྟར་བྱ་ཚུལ་སྐོར་དམིགས་བསལ་སྦྱོང་བརྡར་གྱི་ལས་རིམ་ལ་ཞུགས། ཉིན་གྲངས་བཅུའི་རིང་ཐོག་མར་ཁྱི་ཇི་ ལྟར་བཟུང་ཚུལ། ཁྱི་ནད་འགོག་ཐབས་སྐོར་དང་། དེ་བཞིན་རྔོ་ནད་བཅོས་ཐབས། སྨན་ཁབ་ཇི་ལྟར་འདེབས་ཚུལ་སོགས་ཀྱི་ལམ་སྟོན་བགྱིས། ལས་རིམ་སྦྱོང་བརྡར་འདི་ཉིད་ཀྱི་དམིགས་ཡུལ་ནིབཙུན་མ་རྣམས་རང་དགོན་དུ་ཕྱིར་ལོག་སྐབས་རང་དགོན་དུ་མཆིས་པའི་སེམས་ཅན་རྣམས་ཀྱི་ ཐོག་མའི་སྨན་བཅོས་བྱེད་ནུས་པ་ཙམ་མ་ཟད་རང་གི་ཉེ་འདབས་ཀྱི་ས་ཁུལ་རྣམས་ལའང་ཕན་ཐོགས་ནུས་པའི་ཕྱིར་དུ་ཡིན། ཁོང་ཚོའི་སྦྱོང་བརྡར་ དེ་བཞིན་གྲུབ་པ་དང་བསྟུན་ཁོང་རྣམས་ལ་ཐོག་མའི་སྨན་བཅོས་ཀྱི་ལྕགས་སྒམ་སྨན་གྱིས་ཡོངས་སུ་གཏམས་པ་ཞིག་དང་། དེ་བཞིན་རྨ་དཀྲིས་ཀྱི་ ཡོ་བྱད། གཞན་ཡང་ལས་དོན་འདིའི་ཕྱིར་དགོས་མཁོའི་ཡོ་བྱད་ཁག །འདི་ལྟའི་མ་བསྐུལ་དང་ལེན་གྱི་ལས་འགུལ་འདི་བཞིན་དམིགས་བསལ་ ༸རྒྱལ་དབང་མཆོག་གི་ཐུགས་རེ་སྐོང་བའི་སླད་དེ། མགོན་པོ་མཆོག་ནས་བཙུན་མ་རྣམས་ལའང་རབ་བྱུང་བཙུན་པ་དང་གཅིག་མཚུངས་ཀྱི་གོ་ སྐབས་སྐྲུན་པའི་ཕྱིར་དང་།
སྦྱོང་བརྡར་འདི་ཉིད་ཀྱི་སྣེ་འཁྲིད་ཞུ་མི་འབྲས་ལྗོངས་ནས་ཡིན་པའི་ཕྱུགས་རིགས་སྨན་པ་བདེ་སྐྱིད་དཔལ་མོ་ལགས་དང་། ཨོས་ཀྲེ་ལི་ཡ་ནས་ ཡིན་པའི་ལྷ་རྗེ་ཀེཐ་རིན་ཁུའུ་ཛི (Dr Catherine Schuetze) ། དེ་བཞིན་རྡ་ས་དུད་འགྲོའི་ཉེན་སྒྲོལ་སྡེ་ཚན་ནས་ཡིན་པའི་སྨན་པ་སོ་ནི་ཡ་ ཋ་ཀུར་(Dr Sonia Thakur) བཅས་རྣམ་པ་གསུམ་ནས་ཐུགས་འགན་རྐང་བཞེས་མཛད།

 

༡༽ ཨོས་ཀྲེ་ལེ་ཡ་ནས་ཡིན་པའི་དུད་འགྲོའི་སྨན་པ་ཀེཐ་རིན་ཁུའུ་ཛི་ལགས་ནས་བཙུན་མ་རྣམས་དང་ལྷན་དུ་ཐོག་མར་དུད་འགྲོའི་སྨན་ བཅོས་བྱ་ཚུལ་སྐོར་སྤྱིར་བཏང་གི་བགྲོ་གླེང་། གཞན་ཡང་བཙུན་མ་རྣམས་ལ་བཙུན་དགོན་ནང་ཁྱི་དང་བྱི་ལ་རྣམས་ལ་ཐོག་མའི་གདོང་ ཐུག་བྱུང་སྐབས་ཇི་ལྟར་གདོང་ལེན་བྱ་ཚུལ་སྐོར་དང་། དེ་ཡང་དཔེར་ན། མིག་གི་འགོས་ནད། གཞན་ལ་བརྟེན་པའི་འགོས་ནད་ཀྱི་རང་ བཞིན། རྨ་རིགས་འདྲ་མིན། སྒོ་ང་ལས་ཐོན་པའི་འབུ་རིགས་ལས་བྱུང་བའི་འགོས་ནད་ཀྱི་རྨ། དེ་བཞིན་རྨ་རིགས་གཙང་བཤལ་བྱ་ཕྱོགས་ དང་རྨ་དཀྲིས་དཀྲི་ཚུལ་སོགས་ཀྱི་ལམ་སྟོན་གནང་།

 

༢༽ བཙུན་མ་རྣམས་ནས་ཁྱི་འཛིན་བཟུང་བྱ་ཚུལ་སྐོར་གྱི་སྦྱོང་བརྡར་བགྱིས་པ་དང་། དེ་བཞིན་མཆེ་བ་ལྡན་པའི་ཁྱིའི་སྤྱོད་ཚུལ་གྱི་ སྒྱུར་བ། གཞན་ཡང་ཁྱི་ཉེན་ཅན་རྣམས་ཇི་ལྟར་ངོས་འཛིན་བྱ་ཚུལ་སྐོར། སྨན་པ་བདེ་སྐྱིད་ལགས་ནས་མཆེ་བ་རྣོ་ངར་ཅན་གྱི་ཁྱིའི་ རིགས་རྣམས་གཟུགས་པོའི་རྣམ་འགྱུར་ཇི་ལྟར་ལྡན་མིན་སོགས་ཀྱི་ངོ་སྤྲོད་སློབ་ཚན་སྤེལ་བ།

 

༣༽ བཙུན་མ་ཕལ་ཆེ་བ་རྒྱ་གར་གྱི་མངའ་སྡེའི་གྲོང་གསེབ་ས་ཁུལ་དང་བལ་ཡུལ་ནས་ཡིན་པས། ཁོང་རྣམས་ལ་ཁྱི་སྨྱོན་གྱི་འགོས་ནད་དང་། རྔོ་ནད་རིགས་ཡོད་པའི་ཁྱི་དོགས་གཞི་ཡོད་རིགས་ལ་ཇི་ལྟར་སྨན་བཅོས་དགོས་མིན་སྐོར་སྦྱོང་བརྡར་ལས་རིམ་གྱི་དབུ་འཛུགས་སྔ་དྲོའི་དུས་ སུ་ཐོག་མར་ཁྱི་ཕྲུག་རྣམས་ནས་འགོ་འཛུགས་ཀྱིས་སློབ་སྤེལ་ཞུས།

 

༤༽ བཙུན་མ་རྣམས་ནས་ཁྱིའི་ཉེ་འདབས་སུ་ཇི་ལྟར་བསྐྱོད་ཚུལ་དང་དེ་རྟིང་མཇིང་པར་སྐེ་ཐག་གཡོག་ཚུལ་སྐོར་སྦྱོང་བརྡར་བགྱིས།

 

༥༽ སྣ་ཐག་གིས་ཁྱིའི་ཁ་སྣ་བསྡམ་པ་དང་།

 

༦༽ དེ་མཇུག་དེ་དག་ཡར་འདེགས།

 

༧༽ བཙུན་མ་རྣམས་ཀྱིས་གདེང་སྤོབས་རྒྱས་པ་དང་ལྷན་དུ་ཁོང་ཚོའི་ལག་རྩལ་ཡང་གོང་འཕེལ་དུ་སོང་སྟེ་དགོན་པའི་ཉེ་འདབས་ཀྱི་ཁྱི་རྣམས་ ལ་འཇུ་བཟུང་བགྱིད་བཞིན་པ།

 

༨༽ ཨེམ་རྗེ་དཔལ་མོས་བཙུན་མ་རྣམས་ལ་ནད་བརྟག་ཐབས་ཀྱི་ཡོ་བྱད་ཇི་ལྟར་བེད་སྤྱད་ཚུལ་སློབ་བཞིན་པ།

 

༩༽ ཨེམ་རྗེ་ཋ་ཀུར་ནས་ཁྱིའི་སྨན་ཁབ་ཇི་ལྟར་འདེབས་ཚུལ་གྱི་ལམ་སྟོན་བགྱིད་བཞིན་པར་བཙུན་མ་རྣམས་ནས་དོ་སྐུལ་གྱིས་འཕྲལ་དུ་ཁྱི་རྔོ་འགོག་ པའི་ནད་གཞིའི་སྨན་ཁབ་འདེབས་པའི་ངེས་པ་རྙེད།

 

༡༠༽ དུད་འགྲོ་ནད་མནར་བ་རྣམས་དང་མཇུག་གི་དོ་སྣང་བྱ་ཆོག་གི་སྦྱོང་བརྡར་སླད་སྨན་ཞབས་པ་རྣམས་ལ་དམིགས་བསལ་ལག་རྩལ་གྱི་སྦྱོང་ བརྡར་སྤྲད་པ།

 

༡༡༽ བཙུན་མ་ཞིག་ནས་སྨན་ཁབ་བརྒྱབས་ཟིན་པའི་ཁྱི་ཞིག་གི་སྙིང་འགུལ་ཚུལ་ལ་ཞིབ་དཔྱོད་དང་། ནང་གི་སྦྱོང་བརྡར་གྱི་ཆ་ཤས་ སུ་བཙུན་མ་རྣམས་ནས་ཁྱིའི་གཤགས་བཅོས་གོང་འཕེལ་འབྱུང་ཕྱིར་ཉམས་ཞིབ་བགྱིད་བཞིན་པ་དང་། དེ་ལྟའི་གནས་སྐབས་སུ་བཙུན་ མ་ཞིག་ཟུར་དུ་དྲན་མེད་བརྒྱལ་ཡང་འཕྲལ་དུ་བསྐྱར་སོས་ཐུབ་མཇུག་རང་ཉིད་ཀྱི་སྦྱོང་བརྡར་ལ་མུ་མཐུད་ལེགས་པར་ཞུགས། བསྟན་འཛིན་རྣམ་རྒྱལ་ནས་དབྱིན་ཡིག་ལས་ཕབ་སྒྱུར་ཞུས།