KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་གྱི་རིན་མེད་སྨན་སྦྱིན་བརྟག་དཔྱད་ཁང་དུ་གཟིགས་ཞིབ་ཆིབས་བསྒྱུར་བསྐྱངས་པ།

༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་གྱི་རིན་མེད་སྨན་སྦྱིན་བརྟག་དཔྱད་ཁང་དུ་གཟིགས་ཞིབ་ཆིབས་བསྒྱུར་བསྐྱངས་པ།

ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༡༦ ཉིན། རིན་མེད་སྨན་སྦྱིན་དང་། བརྟག་དཔྱད་ཁང་འདི་ཉིད་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་མཐུན་འགྱུར་བསྒྲུབས་པ་ཞིག་ཡིན་ཏེ། དེ་ཉིད་བི་ཧཱར་འགྲིམས་འགྲུལ་པའི་བཞུགས་གནས་སུ་ཇཱ་ཏ་བི་ཧཱར་ཞེས་པའི་ས་ ཁུལ་དུ་ཆགས་ཤིང་། དེ་ཉིད་ཀྱི་གཙོ་སྐྱོང་དིལླཱིའི་ཀརྨ་པའི་ལས་ཁུངས་ཀྱི་ལས་བྱེད་པ་ལྷག་པ་ཚེ་རིང་ལགས་ནས་བགྱིད་བཞིན་ཡོད།

སྨན་སྦྱིན་བརྟག་དཔྱད་ཁང་དེ་ཉིད་དུ་རྡོར་གདན་ས་གནས་ཉེན་ཀོར་གྱི་ཡུལ་མི་སྨན་བཅོས་ཕྱིར་འགྲོ་གྲོན་གྱི་ཆ་རྐྱེན་ཞན་པའི་མི་མང་ཉམ་ཐག་རྣམས་ཀྱི་ཕྱིིར་བཀའ་བརྒྱུད་སྨོན་ལམ་རིང་ཆེད་འཛུགས་ཞུས་པ་ཞིག་ཡིན། འདི་ལོར་ལས་བྱེད་ལྷ་རྗེ་དྲུག་དང་སྨན་ཞབས་པ་བཅུ་བཞི། དེ་བཞིན་བརྟག་དཔྱད་ཁང་དུ་ཞིབ་དཔྱོད་པ་ཞིག་དང། སྨན་སྦྱིན་པ་གཅིག་བཅས་འདུག ། སྨན་སྦྱིན་ཁང་ནས་སྨན་མཁོ་སྤྲོད་བགྱིས་པ་ཁག་ནི། སྟོབས་སྐྱེད་སྨན་སྣ་ཚོགས། དེ་བཞིན་བུད་མེད་སྦྲུམ་ལྡན་ཀུན་ལ་ཆེད་དུ་སྦྱིན་པའི་སྨན་རིགས། ཁྲག་ཤེད་ཞན་པའི་རིགས་ཀྱིས་བསྟེན་དགོས་པའི་སྨན་རིགས། འཚོ་བཅུད་ཀྱིས་ཕོངས་པའི་བྱིས་པའི་རིགས་ལ་ཟས་བཅུད་བརྟས་པའི་སྨན་ཕྱེ། རྒྱུན་མཁོའི་མགོ་སྨན་དང་ཚ་བའི་སྨན་གྱི་རིགས་སྣ་ཚོགས། དེ་བཞིན་གློ་ནད་དང་ཆམ་ནད་འཇོམས་པའི་སྨན། མངར་ཆའི་ནད་གཞི་འཇོམས་པའི་སྨན་བཅས་རྒྱུན་ལྡན་ཡོངས་གྲགས་ཡིན་པའི་ནད་རིགས་ཕལ་ཆེ་བའི་ཕྱིར་སྨན་མཁོ་སྒྲུབ་ཞུས་ཡོད།

 

1. ཕྱི་ཟླ་དང་པོའི་ཚེས་ ༡༦ ཉིན་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་སྨན་སྦྱིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཤིང་གནས་དེར་བྱིན་གྱིས་བརླབས། རིན་པོ་ཆེ་མཆོག་ལ་གཙོ་སྐྱོང་བ་ལྷག་པ་ཚེ་རིང་ལགས་ནས་གུས་བསུའི་སྣེ་ལེན་ཞུས།

 

2. རིན་པོ་ཆེ་མཆོག་ནས་བརྟག་དཔྱད་ཁང་གི་འགན་འཛིན་དང་མཇལ་ཞིང་། ཆབ་བརྟག་ཁང་དུ་གཟིགས་ཞིབ་བསྐྱངས།

 

3. སྨན་སྦྱིན་ཁང་གི་ལས་བྱེད་རྣམས་ལ་འཚམས་འདྲི་མཛད།

 

4. འཚོ་བྱེད་དང་ནད་པ་རྣམས་ལ་བཀའ་བརྩད་བསྐྱངས།

 

5. སྨན་བཅོས་བྱ་ཡུལ་དུ་གཟིགས་ཞིབ་བསྐྱངས།

 

6. ནད་མནར་བ་ཕལ་ཆེ་བ་བུད་མེད་དང་དེ་དག་གི་ཕྲུག་གུ་རྣམས་ཡིན།

 

7. སྐྱེས་པ་རྣམས་ཀྱང་མི་ཉུང་བ་ཞིག་རྒྱུན་དུ་ཡོང་མུས་ཡིན།

 

8. ཐོག་མར་ནད་པ་རྣམས་ནས་འབྱོར་ཐོ་འགོད་དགོས།

 

9. དེ་ནས་གཞི་རིམ་བརྟག་དཔྱད་དང་འདྲི་བརྩད་བྱེད་མོད།

 

10. ནད་མནར་བ་ཀུན་གྱི་ཁྲག་ཤེད་དཔྱོད་པར་བྱེད།

 

11. བྱིས་པ་རྣམས་འཚོ་བཅུད་ཀྱིས་ཕོངས་པ་ཡིན་མིན་རྟོག་ཕྱིར་གཟུགས་ཚད་དང་ལྗིད་ཚད་དཔྱོད་པར་བྱེད།

 

12. ནད་མནར་བ་ཀུན་ལ་འཚོ་བྱེད་ནས་རེ་རེ་བཞིན་བརྟག་པར་བྱེད།

 

13. དེ་མཇུག་སྨན་ཡིག་དང་བཅོས་ཐབས་ཇི་དགོས་སྦྱིན་པར་བྱེད།

 

14. སྨན་རྣམས་རིན་མེད་དུ་སྦྱིན་པར་བྱེད།

 

15. ༸སྐྱབས་རྗེ་རིན་པོ་ཆེ་མཆོག་དང་། གཙོ་སྐྱོང་བ་ལྷག་པ་ཚེ་རིང་དང། བཀའ་བརྒྱུད་སྨོན་ལམ་གྱི་སྤྱི་ཁྱབ་འགན་འཛིན་བླ་མ་ཆོས་གྲགས་བཅས་ལྷན་དུ་འཕྲོད་བསྟེན་ཁང་གི་ཕྱི་ཕྱོགས་སུ་ལྷན་དུ་སྒྲོན་པའི་སྐུ་པར།

 

16. རིན་པོ་ཆེ་མཆོག་གང་གི་བཞུགས་གནས་གཏེར་སྒར་དགོན་དུ་ཕྱིར་ཕེབས་བསྐྱངས།

 

༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ཨ་དཀོན་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་ཁང་དུ་གཟིགས་ཞིབ་ཕྱིར་ཆིབས་སྒྱུར་བསྐྱངས་པ།

༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ཨ་དཀོན་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་ཁང་དུ་གཟིགས་ཞིབ་ཕྱིར་ཆིབས་སྒྱུར་བསྐྱངས་པ།

ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༡༦ ཉིན།

ཟས་སྦྱིན་ཁང་དེ་ཉིད་བི་ཧཱར་བནྡེའི་ཚོགས་ཁང་ནང་རྒྱ་གར་རྒྱལ་ཡོངས་བནྡེ་ཚོགས་པས་གོ་སྒྲིག་ཞུས་པ་དང་། འདི་ཉིད་སུ་ཇཱ་ཏ་སྤྲོ་འཆམ་འགྲིམ་འགྲུལ་བའི་བསྟི་གནས་ཁང་གི་ཟུར་དུ་ཆགས་ཡོད་ཅིང་། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་དང་། དེ་བཞིན་དབྱིན་ཇིའི་མཐུན་འགྱུར་ཚོགས་པ་ཧརྚ་ནའོ་ཡིད་ཆེས་ཚོགས་པའི་མཐུན་འགྱུར་འོག་བཀའ་བརྒྱུད་སྨོན་ལམ་གྱི་དུས་ཡུན་རིང་རྡོར་གདན་ས་གནས་ཡུལ་མི་ཉམ་ཐག་རྣམས་ལ་གུང་ཚིགས་སུ་འཚོ་བཅུད་ཡོངས་སུ་རྫོགས་པའི་ཟས་སྦྱིན་བགྱིད་བཞིན་ཡོད། འདི་ཉིད་གཡོས་སྦྱོར་ཕྱིར་རྒྱ་གར་མ་བྱན་འགའ་ཞིག་ཆེད་དུ་གླས་པ་ལས་དེ་མིན་དགོས་མཁོའི་བསྒྲུབ་བྱ་གཞན་རྣམས་རྒྱལ་ཁབ་དུ་མ་ལས་ཕེབས་པའི་དྭང་བླང་སྲི་ཞུ་བ་རྣམས་ནས་སྒྲུབ་བཞིན་ཡོད།

 

1. རིན་མེད་སྨན་སྦྱིན་ཁང་དུ་གཟིགས་ཞིབ་གྲུབ་རྟིང་ཨ་དཀོན་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་ཁང་དུ་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་དང་། སྨོན་ལམ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བླ་མ་ཆོས་གྲགས། ཟས་སྦྱིན་ཚོགས་པའི་འགན་འཛིན་སྐུ་ཞབས་ Vin and Marilyn Harris སྟེང་ཞལ་རྣམ་གཉིས། དེ་བཞིན་རིན་མེད་སྨན་སྦྱིན་ཚོགས་པའི་གཙོ་སྐྱོང་བ་ལྷག་པ་ཚེ་རིང་བཅས་ལྷན་ཕེབས་ཀྱིས་གཟིགས་ཞིབ་བསྐྱངས།

 

2. ༸སྐྱབས་རྗེ་རིན་པོ་ཆེ་མཆོག་རྒྱ་གར་བནྡེ་ཚོགས་པའི་འགན་འཛིན་བནྡེ་པྲཉྫ་དཱིཔ་དང་ལྷན་དུ་བཀའ་བསྡུར་ལྷུག་པོར་སྐྱོང་བཞིན་པ།

 

3. བནྡེ་པྲཉྫ་དཱིཔ་ནས་ལོ་ལྟར་ཨ་དཀོན་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་གྱི་གོ་སྒྲིག་བགྱིད་བཞིན་ཡོད།

 

4. ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ནས་ཐབ་ཚང་དུ་རྒྱ་གར་མ་བྱན་རྣམས་ནས་གནའ་སྲོལ་བཞིན་སྒྱེད་བུའི་སྟེང་ གཡོས་སྦྱོར་གྱི་བགྱི་བར་རེམ་བཞིན་པར་གཟིགས་ཞིབ་མཛད་བཞིན་པ།

 

5. ཉེན་ཀོར་དུ་རིན་ཆེན་དང་པོའི་ཁ་དོག་གིས་བརྒྱན་པའི་ཐུབ་པའི་སྐུ་བརྙན་བཞེངས་སྟབས་སུ་བཞུགས་པ་ལ་གསོལ་འདེབས་མཛད་བཞིན་པ།

 

6. རིན་པོ་ཆེ་ནས་བྱིན་འབེབས་ཞལ་འདོན་གྱི་དབུ་འཛུགས་བསྐྱངས་པ།

 

7. ༸སྐྱབས་རྗེ་རིན་པོ་ཆེ་ནས་ཟས་སྦྱིན་སྤྱོད་པ་པོ་རྣམས་ལ་ཤིང་འབྲས་འགྱེད་བཞིན་པ།

 

8. འཁོར་གསུམ་འདྲེན་པའི་ཁ་ལོ་པར་རིན་པོ་ཆེ་མཆོག་ནས་ཚ་འབྲས་ཀྱི་དུམ་བུ་དལ་གྱིས་འགྱེད་བཞིན་པ།

 

9. རྗེས་དྲན་ཟས་སྦྱིན་ཁང་དུ་ཟས་ལོངས་སྤྱོད་པ་པོ་ཕལ་ཆེ་བ་རྐང་གསུམ་འཁོར་ལོའི་ཁ་ལོ་པ་རྣམས་ཡིན་ཅིང་། དེ་དག་ཉིན་གང་པོར་ལུས་ཀྱི་ངལ་རྩོལ་ཤིན་ཏུ་ཆེ་ཡང་ཡོང་འབབ་ཧ་ཅང་ཞན་པས། ལུས་པོར་དགོས་མཁོའི་འཚོ་བཅུད་ཀྱིས་ཕོངས་པ་འབའ་ཞིག་དང་། དེ་དག་རང་གི་ལོ་ནའི་བབ་ལས་ཆེས་རྒན་པའི་སྣང་ཚུལ་ཙམ་མ་ཟད་ཕལ་ཆེ་བ་བགྲང་བྱ་བཞི་བཅུ་ལྷག་སྡོད་དཀོན་པ་ཡིན།

 

10. ༸སྐྱབས་རྗེ་རིན་པོ་ཆེ་ནས་ཟས་ཀྱི་ཚོད་ལྟ་མཛད་ཕྱིར་བཞེས་འབྲས་དང་། སྲན་ཐུག རྔོས་ཚལ་རྣམས་ལ་ཅུང་ཙམ་རོལ་བཞེས་མཛད།

 

11. ངང་ལག་གི་ལོ་མས་བསྐྲུན་པའི་ཟས་སྡེར་ནང་གསོལ་ཚིགས་འདེགས་འབུལ་ཞུས།

 

12. དྭང་བླངས་སྲི་ཞུ་བ་རྣམས་ལ་རིན་པོ་ཆེ་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་པའི་གོ་སྐབས་སོན།

 

13. ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དགྱེས་ཉམས་ཆེ་བའི་ངང་ཚུལ་ངང་།

 

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་བསྐྱངས་པ།

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་བསྐྱངས་པ།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་ཉིན་དང་པོར་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་སྔ་དྲོའི་གསོ་སྦྱོང་སྡོམ་པ་སྩལ་གྲུབ་ འཕྲལ། གནས་མཆོག་རྡོར་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་པོར་ཆིབས་བསྒྱུར་བསྐྱངས་ཤིང་། ཐོག་མར་རྟེན་གཙོ་ཐུབ་པའི་སྐུ་བརྙན་ མཐོང་གྲོལ་རིན་པོ་ཆེར་ན་བཟའ་སྒྲོན་འབུལ་དང་། མཆོད་སྤྲིན་ཚར་དུ་དངར་བ་བཤམས་འབུལ་དང་འགྲོ་ཀུན་བདེ་བའི་ཐུགས་སྨོན་རྒྱ་ཆེ་ མཛད། དེ་མཇུག་རྡོར་གདན་མཆོོད་རྟེན་ཆེན་མོར་འཚོག་བཞིན་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་མཆོད་མཇལ་ལེགས་པར་གྲུབ་རྟིང་ སླར་ཡང་བཀའ་བརྒྱུད་སྨོན་ལམ་ཆོས་རར་སྔ་དྲོའི་ཆོས་ཐུན་སྐྱོང་ཕྱིར་ཚོགས་ཕེབས་བསྐྱངས།

 

1. ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ ཚེས་ ༡༤ ཉིན། སྔ་དྲོ་ཆུ་ཚོད་ ༧ དང་ ༣༠ ཐོག་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་ ཆིབས་བསྒྱུར་བསྐྱངས་པ།

 

2.༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་མཆོད་རྟེན་ཆེན་མོར་ཞབས་སོར་འཁོད།

 

3. ཐུབ་པའི་སྐུ་བརྙན་སྐུ་མདུན་དུ་འཇིག་རྟེན་ཞི་བདེ་དང་། འགྲོ་ཀུན་བདེ་བའི་ཐུགས་སྨོན་མཚམས་སྦྱོར་མཛད།

 

4. རྒྱུན་སྲོལ་ལྟར་བཀའ་བརྒྱུད་སྨོན་ལམ་གྱི་རིང་རྒྱུན་ལྟར་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་ན་བཟའ་སྒྲོན་འབུལ་དང་། བཟའ་བཅའ་སྣ་ཚོགས་པའི་ལྷ་རྫས་ཀྱིས་ལྷུང་བཟེད་མཐོ་རིས་ཡོན་ཏན་གྱི་གྲངས་ལྡན་དུ་མཆོད་སྤྲིན་འབུལ་གཤོམ་མཛད།

 

5. ༸སྐྱབས་རྗེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་ཚོགས་མཇལ་དུ་ཆིབས་སྒྱུར་བསྐྱངས་ཤིང་། ཞི་བར་གཤེགས་པ་སྔ་འགྱུར་རྙིང་མའི་བསྟན་བདག་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་སྐུ་པར་བཞུགས་པའི་བཞུགས་ཁྲིར་དར་དཀར་ འབུལ་བར་མཛད།

 

6. དེ་བཞིན་རིན་པོ་ཆེ་མཆོག་ནས། ཞི་བར་གཤེགས་པ་ཀཿཐོག་དགེ་རྩེ་རིན་པོ་ཆེའི་སྐུ་པར་མདུན་ཅུང་ཙམ་བཞེངས་ཏེ་ཐུགས་སྨོན་མཛད།

 

7. ༸སྐྱབས་རྗེ་རིན་པོ་ཆེ་ནས་དཔལ་ཡུལ་རྣམ་གྲོལ་གླིང་གི་སྐྱབས་རྗེ་རྨུགས་སངས་རིན་པོ་ཆེར་འཚམས་ཞུ་མཛད་བཞིན་པ།

 

8. ༸སྐྱབས་རྗེ་རིན་པོ་ཆེ་ནས་སྨིན་གླིང་མཁན་ཆེན་རིན་པོ་ཆེར་འཚམས་ཞུ་མཛད་བཞིན་པ།

 

9. སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་མཇལ་ཕྱིར་ཆིབས་སྒྱུར་བསྐྱང་བཞིན་པ།

 

10. སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་མཇལ་ཕྱིར་ཆིབས་སྒྱུར་བསྐྱང་བཞིན་པ།

 

11. སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་མཆོད་མཇལ་གྲུབ་རྟིང་སླར་ཡང་བཀའ་བརྒྱུད་སྨོན་ལམ་ཆོས་རར་ཕྱིར་ཕེབས་ཀྱིས་སྨོན་ལམ་ཉིན་ དང་པོའི་ཆོས་ཐུན་བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་མོ་བྱ་འཆད་ཁ་བས་མཛད་པའི་བློ་སྦྱོོང་དོན་བདུན་མའི་གསུང་ཆོས་བཀའ་ ཁྲིད་བསྐྱངས།

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གཏེར་སྒར་དགོན་དུ་ཆིབས་བསྒྱུར་བསྐྱངས་པ།

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གཏེར་སྒར་དགོན་དུ་ཆིབས་བསྒྱུར་བསྐྱངས་པ།

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནས་ས་ཐག་རིང་པོའི་ཕེབས་བཞུད་ཀྱིས་དགོང་དྲོའི་དུས་ཡུན་སྐབས་རྡོར་གདན་ཉེ་ འདབས་གཏེར་སྒར་དགོན་དུ་ཆིབས་བསྒྱུར་བསྐྱངས། དགེ་འདུན་པ་རྣམས་ནས་ན་བཟའ་གཟབ་མཆོར་གྱིས་བརྒྱན་ཅིང་འཕན་གདུགས་རྔ་རོལ་རྒྱ་གླིང་སོགས་སྙན་པའི་རོལ་ཆ་དང་། དེ་བཞིན་དད་ལྡན་སྐྱ་བོ་རྣམས་ཀྱང་ཕེབས་ལམ་དུ་རུ་སྒྲིག་གིས་ལག་ཏུ་ཁ་བཏགས་དང་། བདུག་སྤོས། མཆོད་རྫས་མེ་ཏོག་སོགས་ཐོགས་ ཏེ་ཕེབས་བསུ་གཟབ་རྒྱས་ཞུས་རྟིང་དགོན་པའི་ནང་དུ་ཕེབས་ཏེ། རྟེན་གསུམ་ལ་སྙན་ཤལ་སྒྲོན་འབུལ་མཛད། ད་ལན་ཕྱི་ཟླ་དང་པོའི་ཚེས་ ༡༣ ཉིན་༸སྐྱབས་རྗེ་རྒྱལ་ཚབ་ རིན་པོ་ མཆོག་ནས་དད་ལྡན་མང་ཚོགས་ལ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་སྩལ་རྒྱུ་ཡིན། དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཉིན་བཞིའི་རིང་བསྟུད་མར་བཀའ་ གདམས་པའི་དགེ་བའི་བཤེས་གཉེན་བྱ་འཆད་ཁ་བས་མཛད་ པའི་བློ་སྦྱོང་དོན་བདུན་མའི བཀའ་ཁྲིད་སྩལ་རྒྱུ།

 

1. ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ཆིབས་སྒྱུར་མ་བསྐྱངས་གོང་དགེ་འདུན་པ་རྣམས་ཕེབས་ལམ་མདུན་ཕེབས་སྒྲིག་ཞུ་བཞིན་པ།

 

2. དགེ་འདུན་པ་རྣམས་ཆོས་མཐུན་གྱི་དབུ་ཞྭ་མནབས་ཤིང་། གདུགས་དང་། རྒྱ་གླིང་། དེ་བཞིན་ཁ་བཏགས་སོགས་ཐོགས་ཏེ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་ཕེབས་སྒུག་ཞུ་བཞིན་པ།

 

3. བཙུན་མ་གཞོན་ནུ་མ་རྣམས་རྒྱལ་སྒོའི་གམ་དུ་སྒྲེང་སྟེ་འཛུམ་གྱི་མདངས་222222ཕྱུང་བཞིན་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེར་གུས་བསུ་ཞུ་ བཞིན་པ།

 

4. སྐྱ་སེར་གཉིས་ཀ་རྒྱལ་སྒོའི་ནང་ཕེབས་སྒུག་གིས་གཏེར་སྒར་དགོན་གྱི་ཕྱོགས་སུ་ལམ་སྟོན་ཞུ་བཞིན་པ།

 

5. ༸སྐྱབས་རྗེ་རིན་པོ་ཆེའི་ཆིབས་འཕྲུལ་གཏེར་སྒར་དགོན་གྱི་རྒྱལ་སྒོའི་གམ་དུ་འབྱོོར་ཏེ་སེར་སྦྲེང་གིས་གདན་འདྲེན་བཞིན་པ།

 

6. རུམ་བཏེག་གི་མཁན་པོ་བགྲེས་པ་སྐལ་བཟང་ཉི་མ་ནས་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེར་འཚམས་ཞུ་མཛད་བཞིན་པ།

 

7. ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ནས་འཚམས་ཞུའི་མཇལ་དར་འབུལ་བཞིན་པ།

 

8. ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དགོན་པའི་ཕྱོགས་སུ་ཕེབས་བཞུད་སྐབས་དགེ་འདུན་པ་རྣམས་ལ་འཚམས་འདྲི་མཛད་བཞིན་པ།

 

9. ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མང་ཚོགས་ཁྲོད་ནས་གཤེགས་བཞིན་པ།

 

10.

 

11. དད་ལྡན་སྐྱ་བོ་རྣམས་ནས་དགོན་གྱི་ཐེམ་སྐས་ཕྱོགས་ནས་མཇལ་དར་འབུལ་བཞིན་པ།

 

12. ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙུག་ལག་ཁང་གི་སྒོ་མཆོར་ཕྱོགས་ནས་ཕེབས་བཞུད་མཛད་བཞིན་པ།

 

13. འབྲས་ལྗོངས་ནས་ཆིབས་འཕྲུལ་ནང་ཐག་རིང་ཕེབས་བཞུད་ཀྱིས་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་སྐུ་མཉེལ་སྟབས་གཏེར་སྒར་འདུ་ ཁང་ཡང་ཐོག་ཏུ་གང་གི་གཟིམས་ཆུང་ནང་མི་འགྱུར་རིན་པོ་ཆེ་མཆོག་དང་ལྷན་དུ་སྐུ་མལ་སྟེན་བཞིན་པ།