KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

༧ དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོོག་གིས། དྲུང་གོ་ཤྲཱི་པ་༧རྒྱལ་བའི་རྒྱལ་ཚབ་མཆོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པའི་ཚོགས་མགོན་དུ་ཆེད་ཕེབས་ཀྱིས་སྐུ་གསུམ་ངོ་སྤྲོད་ཀྱི་བཀའ་ཆོས་བཀའ་དྲིན་བསྩལ་དགོས་པའི་བཀའ་ཕེབས་པ་བཞིན། སྤྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༣༠ ཉིན་སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་ཤི་ལི་གུ་རི་ནས་མཁའ་ལམ་བརྒྱུད་ཀ་ལི་ཀ་ཏ་དང་། དེ་ནས་གྷ་ཡ་གནམ་ཐང་དུ་ཕྱག་ཕེབས་སྐབས་ཕེབས་བསུ་བ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ཚོགས་གཙོ་བླ་མ་ཀརྨ་ཆོས་གྲགས་དང་། ཀར་དགོན་ཁག་གི་མཆོག་གི་སྤྲུལ་སྐུ་རྣམ་པ། མཁན་པོ་དགེ་བའི་བཤེས་གཉེན། རྡོར་སློབ་དབུ་ཆོས། ཕྱག་མཛོད་ལས་སྣེ་སོགས་གནད་ཡོད་མི་སྣ་རྣམ་པས་བཀྲ་ཤིས་པའི་མཇལ་དར་དང་བཅས་ཕེབས་བསུ་ཞུས། དེ་ནས་གནས་མཆོག་རྡོ་རྗེ་གདན་རྟེན་མ་ཧཱ་བོདྷིའི་ཉེ་འགྲམ་གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་དུ་དགེ་འདུན་བཙུན་པ་བཙུན་མ་སྟོང་ཕྲག་མང་པོ་དང་། དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་གིས་ལག་ཏུ་བཀྲ་ཤིས་པའི་ལྷ་དར་སྲིད་ན་རིང་བ་དང་། མེ་ཏོག་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་ཕེབས་བསུར་ཕྲེང་སྒྲིག །གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་སོགས་ཀྱིས་སྤོས་སྣས་དྲངས་ཤིང་། དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་རྔ་རོལ་སིལ་སྙན། འཕན་གདུགས་རྒྱལ་མཚན་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་པའི་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་གཙུག་ལག་ཁང་གི་ཡང་ཐོག་ཏུ་ཞབས་སོར་བདེ་བར་འཁོད། ཕྱི་དྲོར་སྐུ་མལ་གསོས་མཛད། སྔ་ཕྱིར་ཉིན་འདི་དག་ལ་རྒྱལ་བལ་འབྲུག་གསུམ་དུ་གནས་བཞུགས་ཀྱི་དགོན་སྡེ་ཁག་ཀྱང་ལེགས་པར་ཕེབས་གྲུབ་ཟིན་ཏེ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པའི་སྔོན་འགྲོའི་སྟ་གོན་ལེགས་པར་གྲུབ་པ་བགྱིས་ཏེ། སྒར་ཆེན་གྲུབ་པའི་དགའ་ཚལ་དུ་ཞི་བར་གནས་སོ། །

གནས་ཚུལ་ཕྱོགས་བསྡུས་པ་ཐུབ་བསྟན་སྦྱིན་པས་སྤྱི་ལོ་ ༢༠༢༥,༢,༡ ཉིན་བྲིས།

2025.01.31 Arrival of H.E. Goshir Gyaltsab Rinpoche