KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༧དཔལ་རྒྱལ་དབང་སངས་རྒྱས་ཀརྨ་པ་མཆོག་ནས་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་གསུང་ཆོས་ཉིན་གསུམ་པ།

༧དཔལ་རྒྱལ་དབང་སངས་རྒྱས་ཀརྨ་པ་མཆོག་ནས་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་གསུང་ཆོས་ཉིན་གསུམ་པ།

སྤྱི་ཚེས་༧ ཏེ། དེ་རིང་གི་ཉིན་མོ་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་གི་དྲྭ་ལམ་བརྒྱུད་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཉིན་གསུམ་པའི་གསུང་ཆོས་གནང་སོང་། ཐེངས་དེའི་གསུང་ཆོས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་རྣམ་ཐར་ཡིན་པ་རེད། ཐོག་མར་རྒྱལ་དབང་མཆོག་གི་བཞུགས་ཁྲིར་གཏེར་སྒར་འདུས་སྤྱི་དང་བླ་མ་ཚེ་མཐར་གཙོས་པའི་སྦྱིན་བདག་རྣམ་པས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འདུ་མང་ནས་མཎྡལ་དབྱངས་སུ་གྱེར་ནས་ཕུལ་གྲུབ་རྗེས། གསོལ་འདེབས་འདོན་རྟ་དབྱངས་སུ་གྱེར། དེའི་རྗེས་རྒྱལ་དབང་མཆོག་ནས་སྨོན་ལམ་ཆེན་མོར་ཆིབས་བསྒྱུར་གནང་བའི་མཆོག་སྤྲུལ་རྣམ་པ་དང་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་ཚང་མར་འཚམས་འདྲི་བཅས་གནང་ནས་གསུང་ཆོས་སྔ་མའི་འཕྲོ་གནང་དབུ་འཛུགས་སོང་། དེ་ཡང་ཇོ་བོ་རྗེ་ནི་བོད་ལ་མ་ཕེབས་པའི་སྔོན་ནས་རྒྱ་གར་ལ་དེ་དུས་གྲགས་ཆེ་བའི་སྡེ་པ་བཞི་ཀས་བླ་མར་བཀུར་གྱི་ཡོད་པ་དང་མཚན་སྙན་གྲགས་པའི་མཁས་པ་ཞིག་ཡིན་པ། མཛད་ཕྲིན་ཡིན་ནའང་དར་རྒྱས་ཆེན་པོ་བྱུང་མྱོང་བ་ཞིག་རེད་ཅེས་གསུང་གནང་སོང་།

ད་རེ་གསུང་ཆོས་སྐབས་ཀྱི་སྙིང་དོན་གསུམ། ཇོ་བོ་རྗེ་བོད་དུ་གདན་འདྲེན་ཚུལ་སྐོར་དང་། རྒྱུ་མཚན་གང་ལ་བརྟེན་ནས། རྐྱེན་གང་ཞིག་ལ་བརྟེན་ནས་གདན་འདྲེན་ཞུ་ཐུབ་པ་ཡིན་ཚུལ་དང་། དེའི་ལོ་རྒྱུས་རྒྱབ་ལྗོངས་བཅས་ཀྱི་སྐོར་གསུངས་གནང་སོང་། དང་པོ་རྒྱབ་ལྗོངས་ལོ་རྒྱུས་ནི། སྐབས་དེ་དུས་བོད་ཀྱི་ཁྱབ་སྲིད་ཆོས་ལུགས་ཀྱི་གནས་སྟངས་ཉག་ཕྲ་བོ་འདྲ་ཡིན་ས་རེད། བོད་ལ་དུས་རབ་བདུན་པ་བོད་རྒྱལ་སྲོང་བཙན་སྐབས་ནས་རྒྱལ་བསྟན་དར་ཡ་དབུ་བཙུགས་པ་དང་། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ལ་སངས་རྒྱས་བསྟན་པ་རྒྱ་ཆེར་དར་རྒྱས་བྱུང་བ་རེད། དེའི་རྗེས་ཀྱི་མི་རབས་བཞི་པ་དར་མ་འུ་དུམ་བཙན་པོས་སྤྱི་ལོ་༨༤༡་ལོར་སངས་རྒྱས་བསྟན་པ་སྣུབ་པ་རེད། སྔར་མེས་དབོན་རྣམ་གསུམ་སྐབས་སུ་དར་རྒྱས་ཆེ་བའི་རྒྱལ་བའི་བསྟན་པ་འདི་ཉམས་པ་རེད། དར་མ་ལ་སྲས་གཉིས་འོད་སྲུང་དང་ཡུམ་བརྟན། དེའི་ནང་ནས་འོད་སྲུང་གི་ཚ་བོ་སྐྱིད་ལྡེ་ཉི་མ་མགོན་ཟེར་བ་ཞིག་བྱུང་བ་རེད། ཁོང་དབུས་གཙང་གི་ཁུལ་ལ་བཞུགས་མ་ཐུབ་ནས་མངའ་རིས་ཕྱོགས་ལ་ཕེབས་དེར་ཁོང་རྒྱལ་པོར་ཆགས་པ་རེད་ཁོང་ལ་སྲས་གསུམ་ཡོད་པས་ནང་འཁྲུག་ཤོར་དོགས་ནས་ཁོང་རང་གི་མངའ་འོག་ཏུ་ཡོད་པའི་མངའ་རིས་རྒྱལ་ཁབ་འདི་དུམ་བུ་གསུམ་དུ་བགོས་ནས་རེ་རེ་སྤྲད། མངའ་རི་སྐོར་གསུམ་ཞེས་གྲགས་པའང་དེ་སྐབས་ནས་བྱུང་བ་དང་གུ་གེ་རྒྱལ་རབས་ཡང་འདི་ནས་མཆེད་པར་གསུང་གནང་སོང་། ཁོང་གི་སྲས་གཉིས་པ་བཀྲིས་ལྡེ་མགོན་ལ་སྲས་གཉིས་ཆེ་བ་སྲོང་ངེ་ཟེར་ཞིང་། རབ་ཏུ་བྱུང་བའི་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད། ལྷ་ཞེས་པ་རྒྱལ་པོ་དང་ཕྱིས་སུ་བླ་མར་ཆགས་པའི་རྒྱུ་མཚན་གྱི་ལྷ་བླ་མ་ཟེར་བ་རེད། ལྷ་བླ་མ་ཡེ་ཤེས་འོད་ཁོང་བོད་ཀྱི་ལོ་རྒྱུས་ཐོག་ལ་བྱས་རྗེས་ཆེན་པོ་རེད། དང་པོ། བསྟན་པ་སྟོད་ནས་དར་བར་བྱེད་པ་དང་། གཉིས་པ། ཇོ་བོ་བོད་ལ་གདན་འདྲེན་ཞུ་བ། གསུམ་པ། ལོ་ཙྭ་བ་རིན་ཆེན་བཟང་པོ་ལ་སོགས་པ་མང་པོ་ཞིག་སྐྱེད་སྲིང་གནང་བཅས་ནས་གསང་སྔགས་གསར་མ་ལ་སོགས་པའི་དམ་ཆོས་མང་པོ་བོད་སྐད་དུ་བསྒྱུར་གནང་བཅུག་པ་འདི་རེད། སྤྱིར་བཏང་ལྷ་བླ་མ་ཁོང་གླང་དར་མའི་བསྟན་པ་སྣུབ་རྗེས་མི་ལོ་བརྒྱ་ཕྲག་གཅིག་ཙམ་གྱི་རྗེས་སུ་བྱུང་བ་དང་། དེ་སྐབས་སུ་གང་ཅིའི་ཐོག་ནས་བསྟན་པའི་གནས་ཚད་དམའ་རུ་ཕྱིན་པ་ཙམ་མ་ཟད། རྒྱ་གར་ནས་ཡིན་ནའང་གསེར་ལ་བརྔམས་པའི་པཎྜི་ཏ་མང་པོ་ཕེབས་ཀྱི་ཡོད་པ་དང་། ཆོས་ལོག་ལྟ་སྤྱོད་འཁྲུལ་པ་ལོག་པ་བརྫུན་མ་ལོག་པར་བཤད་པ་ཡང་དེ་དུས་བྱུང་དང་འབྱུང་བཞིན་པའི་སྐབས་སུ། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱལ་པོས་བཀའ་དཔེ་རྣམས་ལ་གཟིགས་ཡོང་དུས་ཆོས་དང་མཐུན་པ་ཞིག་རེད་མིན་འདུག་བསམ་ནས་སྔགས་ལོགས་སུན་འབྱིན་བརྩམས་པ་དང་ཁྲིམས་དང་སྒྲིག་གཞི་མང་པོ་བཟོ་གནང་འདུག དེ་བཞིན་རྒྱ་གར་ནས་ཀྱང་ཚད་ལྡན་གྱི་ནང་པའི་པཎྜི་ཏ་མཁས་པ་ཆེན་པོ་རྣམ་གདན་འདྲེན་ཞུས་རྒྱུའི་དམིགས་ཡུལ་རྒྱུ་མཚན་གཙོ་བོ་དེ་ཡིན་པ་རེད་འདུག་ཅེས་གསུངས་སོང་།

ཇོ་བོ་བོད་ལ་གདན་འདྲེན་ཚུལ་ལ།
རྐྱེན་གང་ཞིག་ལ་བརྟེན་ནས་ཇོ་བོ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ཚུལ་འདི་ཁོང་གི་བྱས་རྗེས་གཉིས་པ་འདྲ་བོ་ཞིག་ཆགས་ཡོད་རེད། བོད་ལ་ཀུན་གྱི་བཀུར་བའི་བླ་མ་ཞིག་མེད་པ་དང་ཆོས་ཀྱི་བྱུངས་ཁུངས་རྒྱ་གར་ཡིན་པ་དང་བོད་མི་ཀུན་གྱི་བཀུར་འོས་པ་ཞིག་གདན་དགོས་པ་དང་མདོ་སྔགས་གཉིས་ཀར་མཁས་པ་ཀུན་སྤྱོད་བཟང་པོ་ཡོད་པ། བསྟན་པ་དག་ཐེར་བྱེད་པ་ལ་ལྷག་པའི་བསམ་པ་ཡང་གལ་ཆེན་ནང་གི་དོན་ཆེན་གཅིག་ཡིན་པས་སྐབས་དེ་དུས་བླ་མ་ཡོན་ཏན་ཆ་ཚང་བ་འཛོམས་སྡོད་པ་ཁོང་མ་གཏོགས་མེད་པ་ལྟ་བུ་ཆགས་ཡོད། གདན་འདྲེན་ཡ་ཐོག་མའི་འཆར་གཞི་འགོད་མཁན་འདི་ལྷ་བླ་མ་ཡིན་ཀྱང་ཐུགས་འདུན་ལྟར་མ་གྲུབ། དངོས་སུ་གདན་དྲངས་མཁན་ནི་བྱང་ཆུབ་འོད་ཡིན་པར་གསུང་གནང་སོང་། །

ཇོ་བོ་བོད་ལ་ཕེབས་ཐང་ཕེབས་ལུགས། སྐབས་དེ་དུས་ལོ་ཙྭ་བ་རྒྱ་བརྩོན་འགྲུས་སེངྒེ་ལ་ལྷ་བླ་ཡེ་ཤེས་འོད་ཀྱིས་རྒྱ་གར་དུ་ཇོ་བོ་བོད་ལ་གདན་འདྲེན་པར་མངགས་ཀྱང་གདན་འདྲེན་ཞུས་མ་ཐུབ། དུས་ཚོད་རིང་པོ་མ་སོང་གོང་ལྷ་བླ་མ་དགོངས་པ་རྫོགས་དགོངས་པ་རྫོགས་ཁར་ཁོང་གི་ཚ་བོ་བྱང་ཆུབ་འོད་ལ་ཨ་ཏི་ཤ་ངེས་པར་དུ་བོད་ལ་གདན་འདྲེན་དགོས་ཚུལ་ཁ་ཆེམས་བཞག་གནང་། ཁ་ཆེམས་དེ་བཞིན་བྱང་ཆུབ་འོད་ཀྱིས་ཀྱང་ཁུ་བོས་ཐུགས་དགོངས་རྫོགས་པའི་སླད་དུ། སློབ་མ་ནག་ཚོ་ལོ་ཙྭ་བ་གཙོས་པའི་འཁོར་སློབ་ཚོ་ལ་གསེར་མང་པོ་སྤྲད་དེ་ཇོ་བོ་བོད་ལ་གདན་འདྲེན་ཡ་ཆེད་རྒྱ་གར་ལ་བརྫངས། དེ་དུས་ཁོང་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་ཡོད་རེད་ཟེར། རྒྱ་བརྩོན་འགྲུས་ཡང་དེར་སློབ་སྦྱོང་བྱེད་བཞིན་བཞུགས། ཁོང་གཉིས་པོས་ཇི་ལྟར་གདན་འདྲེན་ཞུ་རྒྱུའི་སྐོར་བགྲོས་བྱས་ནས། ཇོ་བོར་སྙན་གསན་ཕབ་ཇོ་བོས་ཀྱང་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཁོང་གི་བཀའ་དགོངས་ལྟར་འགྲུབ་དགོས་བསམས་ནས། རྗེ་བཙུན་སྒྲོལ་མ་ལ་ལུང་བསྟན་ཞུ་པ་ལྟར་རྗེ་བཙུན་སྒྲོལ་མས་ཀྱང་བོད་ལ་ཕེབས་ནས་བསྟན་འགྲོར་ལ་ཕན་ཐོག་འོང་ཚུལ་ལུང་བསྟན་བབས། དེ་བཞིན་བོད་ལ་ཕེབས་ན་བསྟན་འགྲོར་ཕན་ཐོག་ཆེན་པོ་འབྱུང་ན་ཡང་སྐུ་ཚེ་རིང་པོ་བཞུགས་ཀྱི་མ་རེད་ཅེས་པའི་ལུང་བསྟན་བབས་ན་ཡང་། རྒྱལ་བའི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་རྩ་ལག་ཁོ་ནའི་ཆེད་དུ་ཐབས་ཤེས་ཆེན་པོའི་ཐོག་བལ་ཡུལ་རྒྱུད་ནས་བོད་ལ་བཏེགས། དེ་སྐབས་ཕལ་ཆེར་ཁོང་དགུང་ལོ་༥༥་ཙམ་བཞེས་ཡོད་རེད་ཅེས་གསུང་སོང་། མཐར་སྤྱི་ལོ་༡༠༤༠ ལོར་མངའ་རིར་ཕེབས་ཐུབ་པ་བྱུང་བ་རེད་ཅེས་གསུངས་སོང་། བསུ་བ་ཡང་སྔར་དང་མ་འདྲ་བའི་གྲ་སྒྲིག་མཛད་ནས་བསུ་བ་གནང་ཡོད་པར་གྲགས། དེ་དུས་དུང་ཆེན་དམིགས་བསལ་ཞིག་བསུ་བའི་ཆེད་འབུད་པའི་སྲོལ་བཙུགས་དེ་ནས་བཟུང་དུང་ཆེན་དེའི་མིང་ལ་སློབ་སྤྱན་དྲངས་པའི་དུང་ཞེས་པ་ཞིག་ཀྱང་དེ་ནས་ཚུར་དར་བ་རེད་ཅེས་བཀའ་བསྩལ་གནང་སོང་། བོད་ལ་ཕེབས་ནས་དབུ་གཙང་ཁུལ་སོགས་སུ་འགྲོ་དོན་བསྐྱངས་ཚུལ་སོགས་སང་ཉིན་གྱི་བཤད་ཀྱི་ཡིན་ཅེས་ཆོས་ཐུན་གྲོལ་གནང་སོང་།
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དགུ་པའི་སྐབས་གནས་ཚུལ་ཕྱོགས་བསྡུས་པ་ཀརྨ་བསོ་རྒྱལ་པས། ༧/༠༢/༢༠༢༥