|
བཀའ་བརྒྱུད་སྨོན་ལམ་ཐེངས་ ༢༦ པའི་བྱེད་སྒོ་ཚན་པའི་གསལ་བསྒྲགས།
སྨོན་ལམ་རྡེའུ་སྤུངས་ལས་འཆར།
ལོ་མཇུག་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས།
འཛམ་གླིང་འདིའི་རྒྱལ་ཁབ་དང་མི་རིགས་ཕྱོགས་མེད་ཀུན་ལ་ཁ་ཡོད་ལག་ཡོད་ཀྱི་ཐོག་
ནས་བྱིན་རླབས་དང་དགེ་རྩ་བསྐྲུན་པའི་ཆེད་དུ།
༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་མཆོག་ནས་རེ་སྐུལ་གནང་བ་ལྟར།
ཡོངས་སུ་གྲགས་
པའི་གླིང་ཆེན་བདུན་དང་དེ་ནང་ཚུད་པའི་རྒྱལ་ཁབ་རེ་རེ་ནས་རྡེའུ་རེ་ཕྱོགས་བསྡུས་བསྡུ་སྐོང་བྱ་འཆར་ཡོད།
ཕྱོགས་བསྡུས་བྱས་པའི་རྡེའུ་དེ་དག་རྡེའུ་བརྩེགས་པའི་མནྜལ་ཤིག་བཟོ་བསྐྲུན་གནང་རྒྱུ་མ་ཟད། སྨོན་ལམ་སྐབས་༧ཡིད་བཞིན་ནོར་བུ་རང་
ཉིད་ཀྱིས་བྱིན་འབེབས་ཀྱི་ཆོ་ག་གནང་རྒྱུ་ཡིན་ཞིང་། དེའི་མཐུས་འཛམ་གླིང་མིའི་རིགས་ཡོངས་ལ་ཞི་བདེ་དང་བཙན་སྲུང་ཡོང་བ་དང་།
ནད་
མུག་འཁྲུག་རྩོད་ཀྱི་རིགས་མཐའ་དག་ལས་འགྲོལ་བའི་ཆེད་དུ་བསྔོ་བའི་མཐུན་འགྱུར་ཡོད།
།
ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་ནས་རྡེའུ་ཞལ་འདེབས་འབྱོར་ཟིན་པའི་ཡུལ་གྲུ་ཁག་གི་མིང་ཐོ་ནི་གཤམ་གསལ།
༡༽ ཨེ་ཤི་ཡ།
༡ ཨ་རབ་མཉམ་འབྲེལ། ༢ སིངྒ་པུར། ༣ མ་ལེ་ཤེ་ཡ། ༤
ཨིན་ཌོ་ནེ་ཤེ་ཡ། ༥ ཝིཊྚ་ནམ། ༦ ཀེམ་བི་ཌི་ཡ། ༧ ཐའི་ལན་ཌེ།
༨ ཕི་ལི་པིན་སེ།
༩ བྱང་ཀོ་རི་ཡ། ༡༠ ཉི་ཧོང་། ༡༡ ཐེ་ཝན། ༡༢ རྒྱ་ནག ༡༣
བར་མ། ༡༤ ཊར་ཀི། ༡༥ འབྲུག ༡༦ ཨི་སི་རེལ། ༡༧
ལྷོ་ཀོ་རི་ཡ། ༡༨ སོག་པོ།
༢༽ ཨཧྥ་རི་ཀ།
༡ ལྷོ་ཨཧྥ་རི་ཀ། ༢ བུར་ཀི་ན་ཕ་ས་ཀོ། ༣ ཏུ་ནི་ཤེ་ཡ། ༤
ཀེན་ཡ།
༣༽ ཡུ་རོབ།
༡ གཱི་རི་སི། ༢ ཨི་ཊ་ལི། ༣ ཇར་མ་ནི། ༤ ནོར་ཝེ། ༥
དབྱིན་ཡུལ། ༦ ཌེན་མཀ། ༧ ནེ་དར་ལན་ཌེ། ༨ ཨའི་རི་ལན་ཌེ།
༩ སི་པཻན། ༡༠ ཧྥ་རན་སི།
༡༡ ཕིན་ལན་ཌེ། ༡༢ ཨའི་སི་ལན་ཌེ། ༡༣ པོ་ལན་ཌེ། ༡༤ ཝེལ་སི།
༡༥ ཨོ་སི་ཊེ་རི་ཡ། ༡༦ རོ་མ་ནི་ཡ། ༡༧ སི་ཀོཊ་ལན་ཌེ། ༡༨
བེལ་ཇི་ཡམ།
༡༩ སི་ཝི་ཟར་ལན་ཌེ། ༢༠ སི་ཝི་ཌེན། ༢༡ སོ་ལོ་བི་ནི་ཡ།
༢༢ བོ་སོ་ནི་ཡ་དང་ཧར་ཟི་གོ་ཝི་ན། ༢༣ ཀོ་རོ་ཤི་ཡ། ༢༤
ཅེ་ཀ་མི་སེར་རྒྱལ་ཁབ།
༢༥ ཨི་སི་ཊོ་ནི་ཡ། ༢༦ ལ་ཏ་ཝི་ཡ།
༤༽ བྱང་ཨ་རི།
༡ མེཀ་སི་ཀོ། ༢ ཨ་རི་མཉམ་འབྲེལ་མངའ་སྡེ། ༣ ཀེ་ན་ཌ། ༤
ནི་ཀ་ར་གུ་ཝ། ༥ པུར་ཊོ་རི་ཀོ། ༦ གུ་ཝ་ཏེ་མ་ལ།
༥༽ ལྷོ་ཨ་རི།
༡ བཱ་ར་ཟིལ། ༢ ཨར་ཇེན་ཊི་ན། ༣ ཝེ་ནེ་ཟུ་ལ། ༤ ཅི་ལི། ༥
ཨི་ཀ་ཝ་ཌར། ༦ ཨུ་རུ་གུའི།
༦༽ རྒྱ་མཚོའི་གླིང་།
༡ ནིའུ་ཟི་ལན་ཌེ། ༢ ཨོ་སི་ཊི་ལི་ཡ།
¡@
༧༽ ཨེན་ཊར་ཊི་ཀ།
ལས་འཆར་འདིར་མཉམ་ཞུགས་བྱ་བའི་ཆ་རྐྱེན།
¡@
༡ རྡེའུ་རེའི་ཆེ་ཆུང་ནི་འཕྲེད་ཞེང་དུ་
1.5 cm (~.59 inch) to 2.5 cm (~1.0 inch)
ཙམ་བྱེད་པ་དགོས།
༢ རྒྱལ་ཁབ་རེ་རེ་ནས་ལྗིད་ཚད་
0.5 kilogram (~1.1 lb)
ཙམ་ཞིག་ལྡན་པའི་རྡེའུ་རེ་རེ་ལས་མི་དགོས།
༣ ཐོ་འགོད་བྱེད་པར་སྟབས་བདེའི་ཆེད་དུ།
ཕྱོགས་བསྡུས་བྱས་པའི་རྡེའུ་དེ་དག་ཀྱང་སོ་སོ་གང་ནས་བྱུང་བའི་གླིང་ཆེན་དང་རྒྱལ་ཁབ་ཀྱི་
མིང་རྟགས་གསལ་པོར་འཁོད་དགོས།
༤ ལས་འཆར་གྱི་འབྲེལ་ཡུལ་མི་སྣ།
ཨ་ནེ་གཞན་ཕན། གློག་ཕྲིན་ཁ་བྱང་།
shenpen1@yahoo.com.tw
དབྱིན་ཇི་རྣམས་ཀྱི་ཆེད་དུ། གློག་ཕྲིན་ཁ་བྱང་།
monlamstonealtarproject@gmail.com
༥ འབྲེལ་ཡུལ་ལམ་མཚོ་ཐོག་འགྲིམ་འགྲུལ་ཁ་བྱང་།
ཨ་ནེ་གཞན་ཕན།
Ani Shenpen,7F, No.83, Xinyi Rd.
Banqiao City, Taipei County 22061
Taiwan
༦
ང་ཚོས་དྲ་གནས་ཐོག་ཏུ་གསལ་བསྒྲགས་བྱ་བ་དང་རྡེའུ་ཕྱོགས་བསྡུས་ཀྱི་འབད་རྩོལ་ལ་རྡེའུ་ཉིས་ལྡབ་ཤོར་བ་སོགས་སྔོན་འགོག་བྱ་ཐུབ་
པའི་ཆེད་དུ།
གལ་ཏེ་ཁྱེད་ཀྱིས་ཕྱོགས་བསྡུས་བྱས་པའི་རྡེའུ་བསྐུར་འདོད་མཆིས་ཚེ་སྔོན་ཚུད་ནས་གློག་འཕྲིན་བརྒྱུད་འབྲེལ་ཐད་ཀར་
འབྲེལ་བ་གནང་དགོས།
དེས་ན་ང་ཚོ་ཚང་མས་མཉམ་རུབ་ཀྱིས་འཛམ་གླིང་འདིའི་ནང་གི་སྐྱེ་བོ་ཀུན་གྱི་ཞི་བདེར་རོགས་སྐྱོར་གནང་བའི་འབོད་སྐུལ་དང་།
ལས་
འཆར་འདིའི་ནང་དུ་མཉམ་ཞུགས་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདི་ལ་བརྟེན་ནས་རྣམ་དཀར་གྱི་དགེ་རྩ་ཅི་མཆིས་པ་
རྣམས་ཀྱང་བདག་སོགས་ཐམས་ཅད་ཚེ་ཚེ་རབས་རབས་སུ། ༧དཔལ་རྒྱལ་དབང་ཀརྨ་པའི་མཛད་པ་ཕྲིན་ལས་ལ་མཉམ་ཞུགས་ཀྱིས་རམ་
འདེགས་ཡོང་བ་ དང་།
རིང་པོ་མི་ཐོགས་པར་བླ་མེད་བྱང་ཆུབ་མངོན་དུ་འགྱུར་བའི་ཆེད་དུ་བསྔོ་སྨོན་ཞུ་རྒྱུ་ཡིན།
།
¡@ |