¡@

ཐེངས་ཉེར་དྲུག་པའི་སྨོན་ལམ་མཛད་རིམ།    གནས་ཚུལ་གསར་ཤོས།  

¡@

¡@

ཕྱི་ལོ་ 2007 ཟླ་ 12 ཚེས་ 18 ཉིན་༧རྒྱལ་དབང་ཀརྨ་པ་མཆོག་ནས་རིན་མེད་སྨན་སྦྱིན་གྱི་སྨན་སྒར་ལ་ བྱིན་གྱིས་བརླབས་པ།

བྱང་ཆུབ་ཤིང་དྲུང་དུ་སྨོན་ལམ་འཚོག་བཞིན་པའི་སྔ་དྲོའི་ཚོགས་ཐེངས་གཉིས་པའི་སྐབས་༧རྒྱལ་མཆོག་

ཉིད་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་ཡོད་པའི་བྷིར་ལྰ་རྡ་རམ་ས་ལར་ལེགས་བསྐྲུན་གནང་བའི་རིན་

མེད་སྨན་སྦྱིན་བྱེད་སའི་སྨན་སྒར་དུ་གཟིགས་སྐོར་དང་བྱ་བ་ལེགས་གྲུབ་ཡོང་བའི་ཐུགས་དགོངས་མཛད།

¡@

སྨན་སྒར་དེ་གཙོ་བོ་འཛུགས་དགོས་པའི་དམིགས་ཡུལ་ནི་ཉེ་འགྲམ་གྱི་གྲོང་གསེབ་དབུལ་པོ་དག་གི་སྡུག་

བསྔལ་འགོག་ཆེད་ཡིན།

¡@

རྡོ་རྗེ་གདན་གྱི་ས་ཁུལ་དུ་གནས་པའི་མི་ཕལ་ཆེ་བ་འཚོ་ཐབས་ཤིན་ཏུ་སྐྱོ་བས་ཛ་དྲག་ནད་པའི་གཞི་རྩའི་

སྨན་བཅོས་དང་སྨན་གྱིས་དབུལ་ཕོངས་སོགས་སྔོན་འགོག་བྱེད་ནུས་པར་དཀའ་ཡང་། ནད་དབང་གིས་

མྱོང་བའི་སྡུག་བསྔལ་དང་ནད་རིགས་འགའ་ཤས་གཞི་རྩ་ནས་མེད་པར་བཟོ་ཐུབ་པའི་རེ་འདོད་དང་། ཡང་ཛ་དྲག་མིན་པའི་ནད་སོགས་ཀྱིས་ཀྱང་གྲོང་གསེབ་དེའི་མི་རྣམས་ཀྱི་ཚེ་སྲོག་འཇོམས་བཞིན་ཡོད་

པའི་གནས་ཚུལ་ཛ་དྲག་དེ་ལ་བརྟེན་ནས་༧རྒྱལ་དབང་ཀརྨ་པའི་བཀའ་དགོངས་བཞིན་སྐུའི་ལྕམ་སྲིང་

དངོས་གྲུབ་དཔལ་འཛོམས་ལགས་དང་ཐའི་ཝན་ཞི་བདེ་སྨན་སྦྱིན་རོགས་རམ་ཚོགས་པའི་འགན་འཛིན་

སྨན་པ་ལེའུ་ཆེ་ཆུན་ནས་སྨན་སྒར་འདི་ཉིད་གོ་སྒྲིག་མཛད་ཡོད།

¡@

སྐུ་ཞབས་སྨན་པ་ལེའུ་ཆེ་ཆུང་ལགས་ནི།

                                                ཤར་ཕྱོགས་རྒྱལ་ཁབ་ཁག་ལ་སྙིང་རྗེ་དང་ལྷག་བསམ་གྱི་ལས་ལས་འགུལ་སྤེལ་སྐབས་སྨན་པ་དང་ནད་

གཡོག་བཅས་ལ་འགོ་འཁྲིད་བྱེད་ཚུལ་གྱི་ཉམས་མྱོང་ལྡན་པ་ཞིག་དང་སྨན་པ་དེ་ཉིད་ཀྱིས་སྐྱབས་རྗེ་

མངའ་རིས་རིན་པོ་ཆེ་བརྒྱུད་ནས་འདས་པའི་ལོ་ཁ་ཤས་རིང་རྡ་རམ་ས་ལར་སྨན་སྒར་ཙུགས་ཡོད་པས་

ཁོང་ནི་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཀྱང་ལེགས་པོ་མཁྱེན་མཁན་ཞིག་ཡིན།

¡@

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉེར་ལྔ་པའི་སྐབས་སུ་སྐུ་ཞབས་སྨན་པ་མཆོག་ནས་ཐའི་ཝན་གྱི་

སྨན་པ་དང་སྨན་པའི་ལས་རོགས་སྨན་རྫས་སྦྱོར་མཁན་ལ་སོགས་པ་བསྡོམས་མི་གྲངས་ལྔ་བཅུ་ཐམ་པ་

གདན་འདྲེན་ཞུས་ཡོད་པ་དང་། དེ་བཞིན་མཆོད་རྟེན་རིན་པོ་ཆེའི་ཉེ་འདབས་སུ་ཡོད་པའི་གྲོང་གསེབ་

པ་རྣམས་ལ་སོ་དང་རྒས་ནད་དང་བུད་མེད་ཀྱི་ནད་སོགས་ནད་རིགས་མི་འདྲ་བ་དུ་མ་ཞིག་ལ་སྨན་

བཅོས་དང་སྨན་གྱི་སྦྱིན་པ་ཕུལ་བ་རེད།

¡@

དེ་སྐབས་རྡོར་གདན་དུ་འཁོད་པའི་ཕོའོ་ཀོང་ཧྲྰན་ནང་པའི་མཐོ་སློབ་ཀྱི་རྒྱ་གར་སློབ་མ་རྣམས་ཀྱང་སྨན་

སྒར་དུ་ཕེབས་ནས་སྨན་པ་རྣམས་ལ་སྐད་སྒྱུར་དང་ལས་རོགས་རྒྱ་ཆེར་གནང་ཡོད། སྨན་སྒར་དེ་ཡི་ལས་

བྱེད་དང་སྐུ་མགྲོན་ལྷན་རྒྱས་ཀྱིས་བྷིར་ལྰ་མན་དྷིར་དུ་དཔལ་༧རྒྱལ་ཀརྨ་པ་མཆོག་དང་མཇལ་འཕྲད་

གནང་།

སྐུ་མགྲོན་གཙོ་བོ་ནི་སྨན་པ་ལེའུ་ཆེན་ཆུང་། ཧའི་ཐའོ་ཕྰ་ཤྲི་དང་ཧ་ནི་ཡུང་ཕྰ་ཤྲི་བཅས་ཡོད་པ་རེད། སྨན་སྒར་དེ་ལ་ཉིན་དང་པོར་ནད་པ་ 488 ལ་སྨན་བཅོས་གནང་བ་རེད།

¡@

འདི་ཉིན་མཚུར་ཕུ་བླ་བྲང་ནས་བཀའ་བརྒྱུད་སྨོན་ལམ་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་རྣམ་པར་ཉིན་

གུང་གསོལ་ཚིགས་ཕུལ་ཡོད་པ་དང་། གསོལ་ཚིགས་གྲུབ་རྗེས་༧རྒྱལ་དབང་ཉིད་ནས་སྐུ་མགྲོན་རྣམ་

པར་དྲན་རྟེན་ཆེད་གསོལ་རས་ཞིག་ཀྱང་གནང་ཡོད།

¡@

¡@

¡@

¡@

¡@

¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.