¡@

ཐེངས་ཉེར་དྲུག་པའི་སྨོན་ལམ་མཛད་རིམ།    གནས་ཚུལ་གསར་ཤོས།  

¡@

¡@

༧རྒྱལ་དབང་ཀརྨ་པ་མཆོག་ནས་ཕྱི་ལོ་ 2007 ཟླ་ 12 ཚེས་ 16 ཉིན་དགེ་སློང་མར་ཀུན་སྤྱོད་སྐོར་རྒྱུགས་སྤྲོད་བཞེས་པ།

གཏེར་སྒར་དགོན་གྱི་འདུ་ཁང་ཆེན་མོར་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པའི་དགེ་ཚུལ་སློང་ཕོ་མོ་རྣམས་ལ་འདུལ་ཁྲིམས་དང་མཐུན་ པའི་ཀུན་སྤྱོད་སྦྱོང་བརྡར་བྱེད་བཞིན་པའི་མཛད་རིམ་ཆ་ཤས་ཞིག་གི་སྐབས་༧རྒྱལ་དབང་མཆོག་ནས་ཕྱི་རྒྱལ་ཁག་ནས་ཕེབས་པའི་དགེ་སློང་   མ་བཅུ་གཉིས་ལ་གཏེར་སྒར་དགོན་གྱི་ཡང་སྟེང་ཞིག་ནང་སྐུ་ཉིད་ནས་རྒྱུགས་ལེན་མཛད། དགེ་སློང་མ་བཅུ་གཉིས་ནང་ཨོསིཀྲི་ལིཡ་ནས་ཡིན་   པ་གཉིས། རྒྱ་ནག་ནས་ཡིན་པ་གཅིག །ཧོང་ཀོང་ནས་ཡིན་པ་གཅིག དབྱིན་ཡུལ་ནས་ཡིན་པ་གཅིག །ཐའི་ཝན་ནས་ཡིན་པ་ལྔ་དང་། ལྷག་མ་ གཉིས་པོ་ནི་སུ་ཛིར་ལཎཌ་ནས་ཡིན་པ་རེད། 

¡@

ཐོག་མ་དེར་ཆ་ཚང་རེ་ཞིག་སེམས་ཚབས་ཤོར་ཡོད་ཀྱང་། ༧རྒྱལ་མཆོག་ཉིད་ནས་ཁོང་ཚོར་སྟབས་བདེ་པོ་ཡོང་ཆེད་ཀུན་སྤྱོད་ཇི་ལྟར་མཛད་

དགོས་པའི་དོན་ཚན་རྣམས་གསལ་བཤད་དང་དགོས་གལ་བྱུང་ཚེ་ལམ་སྟོན་ཇི་ལྟར་བགྱི་དགོས་ཚུལ་བསླབ་གནང་ཡོད། དེ་སྐབས་དགེ་སློང་མ་

རྣམས་ནས་ཀྱང་ན་བཟའ་བཞེས་ཚུལ། བཞུགས་ཚུལ། བསོད་སྙོམས་ལེན་ཚུལ། ཕྱག་འབུལ་ཚུལ་བཅས་གང་ལྟར་རྒྱུགས་འབུལ་དགོས་པ་རྣམས་

གང་ལེགས་ངང་རྒྱུགས་འཕྲོད་བྱུང་ཡོད།

¡@

༧རྒྱལ་དབང་མཆོག་ནས་དགེ་སློང་མ་རྣམ་པར་ཀྱང་བསྙུན་གཞི་ཡོད་ན་མ་གཏོགས་གཞན་རྣམས་སྨོན་ལམ་ཚོགས་པའི་རིང་ལ་གསོ་སྦྱོང་གི་སྡོམ་

པ་ངེས་པར་དུ་ལེན་དགོས་པའི་བཀའ་བསྩལ། དགེ་སློང་མ་ཡོངས་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་ཐུབ་པར་དགའ་སྤྲོ་དང་རྒྱུགས་ འཕྲོད་པ་ལ་འཚམས་འདྲི་ཐུགས་རྗེ་ཆེ་གསུངས་པ་དང་། སྐུ་རྩེད་ངང་། ༼ གལ་སྲིད་ངས་ཁོང་རྣམས་པ་ཚོར་རྒྱུགས་སྤྲོད་འབུལ་དགོས་པ་ཡིན་ན་

ཁོང་རྣམ་པས་ང་ལ་བརྒྱ་ཆ་ཅི་ཙམ་སྤྲད་མིན་བརྟན་པོ་བཤད་མི་ཤེས། ༽ ཞེས་ཀྱང་གསུངས།

¡@

¡@


¡@

¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.