¡@

ཐེངས་ཉེར་དྲུག་པའི་སྨོན་ལམ་མཛད་རིམ།    གནས་ཚུལ་གསར་ཤོས།  

¡@

¡@

གྲྭ་བཙུན་རྣམས་ཀྱི་ཀུན་སྤྱོད་ཐད་ལ་༧རྒྱལ་དབང་ཀརྨ་པ་མཆོག་གི་དགོངས་བཞེད།

སྤྱི་ལོ་ 2004 ལོར་༧རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ལས་མི་རྣམས་ལ་ཀུན་སྤྱོད་སྐོར་བཀའ་སློབ་ཐོག་མར་བཀའ་ བསྩལ། སླར་ཡང་སྤྱི་ལོ་ 2007 ཟླ་བ་གསུམ་པའི་ནང་༧རྒྱལ་དབང་ཀརྨ་པའི་བཞུགས་གནས་རྒྱུད་སྟོད་རྭ་མོ་ཆེ་དགོན་པར་བཀའ་བརྒྱུད་སྨོན་ ལམ་ཐེངས་ཉེར་ལྔ་པའི་ཚོགས་འདུ་སྐབས་རྒྱ་བལ་གྱི་བཀའ་བརྒྱུད་དགོན་སྡེ་ཁག་ནས་ཕེབས་པའི་དབུ་ཆོས་རྣམ་པར་༧རྒྱལ་མཆོག་ཉིད་ནས་ ཀུན་སྤྱོད་གལ་ཆེན་པོ་ཡིན་ཚུལ་ནན་ཏན་དུ་བཀའ་བསྩལ་བ་མ་ཟད་སྦྱོང་བརྡར་ཡང་ནས་ཡང་དུ་བསླབས་པར་མཛད། དགོན་སྡེ་ཁག་ནས་ཕེབས་ པའི་དབུ་ཆོས་རྣམ་པར་སོ་སོའི་དགོན་སྡེ་ཁག་ལ་ཕེབས་ནས་བསླབ་དགོས་པའི་བཀའ་ཟབ་མོ་ཡང་གནང་། ཀུན་སྤྱོད་དེ་ཉིད་གལ་ཆེན་པོ་ཡིན་པའི་དོན་ཚན་གསུམ་སྟེ།

དང་པོ།

ཚུལ་མཐུན་གྱི་ཀུན་སྤྱོད་དམ་ཚུལ་ཁྲིམས་ལ་ཞུགས་དགོས་པ་ནི་རབ་བྱུང་ཕོ་མོ་ཡོངས་ཀྱི་གལ་ཆེ་བའི་དམིགས་ཡུལ་དང་ཉམས་ལེན་ཡིན་པ་དང་།

ཞུགས་པའི་ཕན་ཡོན་དང་མ་ཞུགས་པའི་ཉེས་དམིགས་སོགས་ལེགས་པར་མཁྱེན་ནས་དེའི་སྦྱོང་བརྡར་ལ་འབད་དགོས།

གཉིས་པ།

བཀའ་བརྒྱུད་སྨོན་ལམ་ཚོགས་འདུའི་སྐབས་གསུངས་པའི་ཀུན་སྤྱོད་ཀྱི་བཀའ་སློབ་ཟབ་མོ་འདི་ཉིད་སྨོན་ལམ་ཐོག་ཁོ་ནར་མ་ཡིན་པར་ནང་པ་

སངས་རྒྱས་པའི་རབ་བྱུང་ཕོ་མོ་ཡིན་པའི་ཆ་ནས་དུས་རྒྱུན་དུ་ཡིད་ལ་སྦྱར་བའི་སྒོ་ནས་ལག་ལེན་བསྟར་དགོས། གྲྭ་བཙུན་ཆུང་བའི་ཆེད་དུ་དགོན་ སྡེ་ཁག་ཏུ་དམིགས་བསལ་གྱི་སློབ་ཚན་ཟུར་དུ་བཙུགས་ནས་བསླབ་དགོས།

གསུམ་པ།

ཀུན་སྤྱོད་དེ་ཉིད་རྒྱུན་རིང་དུ་གོམས་ཆེད་གྲྭ་བཙུན་རྣམས་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་ལ་ཟུང་འཇུག་ཐོག་ ཉམས་སུ་ལེན་དགོས། ༧རྒྱལ་དབང་ཀརྨ་པ་ཉིད་ཀྱི་སྐུའི་སྐུ་ཚབ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་གཙོས་སྨོན་ལམ་ཚོགས་པའི་ཚོགས་ཆུང་ དུ་འདེམས་པའི་ལས་མི་མཁན་པོ་དགའ་དབང་།  མཁན་པོ་སྐལ་བཟང་ཉི་མ།  མཁན་པོ་ཀརྨ་བསྟན་འཛིན།  དབུ་མཛད་ཆུང་ཆུང་།  སློབ་དཔོན་ཆོས་དབྱིངས། ཤྰས་ཏྲྰི་ཀརྨ་ནོར་བུ་བཅས་སྨོན་ལམ་གྱི་ཚོགས་ཆུང་འདི་ཉིད་ཀྱི་འགན་ཁུར་གནང་སྟེ་རྒྱ་བལ་དུ་འཁོད་པའི་ཀརྨ་ བཀའ་བརྒྱུད་ཀྱི་དགོན་སྡེ་ཡོངས་ལ་གཟིགས་སྐོར་དུ་ཕེབས། དེ་ཡང་དམིགས་ཡུལ་གཙོ་བོ་ནི་གྲྭ་བཙུན་སོ་སོའི་ཀུན་སྤྱོད་ཐོག་རྒྱུགས་འཕྲོད་ མིན་དང་། མཚམས་རེ་ཀུན་སྤྱོད་ཐོག་ལ་དམིགས་བསལ་གྱི་བཀའ་སློབ་གསུངས་གནང་མཛད་ཡོད།

 

རྒྱུགས་སྤྲོད་ལེན་སྐབས་དོན་ཚན་གཙོ་བོ་དྲུག་སྟེ།

1.        ཚུལ་བཞིན་དུ་ཕྱག་འཚལ་ཚུལ།

2.        ཚུལ་བཞིན་དུ་ན་བཟའ་བཞེས་ཚུལ།

3.        ཚུལ་བཞིན་དུ་ཞབས་བཅག་ཚུལ།

4.        ཚུལ་བཞིན་དུ་བསོད་སྙོམས་བཞེས་ཚུལ།

5.        ཚུལ་བཞིན་དུ་གྲལ་དུ་བཞུགས་ཚུལ།

6.        ཚུལ་བཞིན་དུ་ཞལ་འདོན་གསུངས་ཚུལ་བཅས་སོ།

¡@

¡@

 

ལེགས་སྦྱར་སྐད་ཀྱི་ཞལ་འདོན་གྱི་ངོ་སྤྲོད།

¡@

ལོ་འདི་ལ་རྒྱལ་མཆོག་བཅུ་བདུན་པ་ཆེན་པོའི་དགོངས་གཞི་ལྟར་གལ་ཆེ་བའི་ཞལ་འདོན་ཁག་གྲངས་མང་ཞིག་ལེགས་སྦྱར་སྐད་ཐོག་འདོན་རྒྱུ་དང་། དེ་ཡང་ཐེག་པ་ཆེན་པོའི་ཆོས་རྣམས་ཐོག་མར་ལེགས་སྦྱར་སྐད་ཐོག་ཏུ་ཡོད་པས་གནའ་དུས་ཀྱི་རིགས་གཞུང་དང་ད་ལྟའི་བརྒྱུད་པ་བར་ཉེ་རུ་འགྲོ་ བའི་དགོས་པ་དང་།

¡@

དེར་མ་ཟད་ང་རང་ཚོར་ལེགས་སྦྱར་སྐད་རིགས་ཐོག་ཡོད་པའི་གཞུང་ཆེན་རྣམས་ལ་སྦྱོང་བར་མོས་པའི་སེམས་སྤོབས་ཡོང་བའི་ཆེད་དུ་ཡིན་ནོ།  སྨོན་ལམ་ཆེན་མོའི་གྲ་བསྒྲིགས་སྐབས་༧རྒྱལ་དབང་ཀརྨ་པས་གཏེར་སྒར་དགོན་དུ་བཀའ་བརྒྱུད་དགུན་ཆོས་སུ་ཕེབས་པའི་བཤད་གྲྭ་བ་རྣམས་ལ་

སྐྱབས་འགྲོ །བྱང་ཆུབ་སེམས་བསྐྱེད། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། ཤེས་རབ་སྙིང་པོ་བཅས་ལེགས་སྦྱར་སྐད་རིག་ཐོགས་ལ་འདོན་ཚུལ་

སོགས་བསླབ་གནང་མཛད།

¡@


¡@

¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.