¡@

ཐེངས་ཉེར་དྲུག་པའི་སྨོན་ལམ་མཛད་རིམ།    གནས་ཚུལ་གསར་ཤོས།  

¡@

¡@

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་ ༢༦ པར།   སྨོན་ལམ་སྙན་ཚིག་རྩོམ་བསྐུལ་བརྡ་ཁྱབ།

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་དྲུག་པར་ང་ཚོའི་འཆར་གཞིར་སྨོན་ལམ་ཚོགས་སའི་ཕྱི་སྐོར་དུ་དམིགས་གསལ་སྨོན་ཚིག་དར་ཆ་འགེལ་རྒྱུ་ཡིན་པས།

ཁྱེད་ཀྱིས་སེམས་ནང་གི་སྨོན་ལམ་རྣམས་སྙན་མོའི་ཚིག་དུ་བསྒྱུར་ནས། ཡིག་ཐོག་ནས་ང་ཚོར་བསྐུར་གནང་ཡོང་བ་ཞུ།

¡@

བཀའ་བརྒྱུད་སྨོན་ལམ་ཐོག་སྤྱོད་རྒྱུའི་སྨོན་ཚིག་སྙན་རྩོམ་གྱི་འགྲོ་ལུགས་གཤམ་གསལ།

༡  སྨོན་ལམ་གྱི་སྙན་རྩོམ་ཡིག་ཕྲེང་ཐུང་ཐུང་འགའ་ཤས་ལས་མེད་ཀྱང་ཆོག

༢  སྨོན་ལམ་གྱི་སྙན་ཚིག་ཇི་ལྟར་རིང་ཡང་ཡིག་འབྲུ་བརྒྱ་ལས་མ་མང་བ་ཡིན་དགོས།

༣  ལྷུག་རྩོམ་མམ་ཚིག་བཅད་གང་རུང་གི་ཐོག་ནས་འབྲི་ཆོག   

༤  གཤམ་གསལ་གྱི་སྐད་ཡིག་གང་རུང་ཞིག་གི་ཐོག་འབྲི་དགོས།

བོད་ཡིག །རྒྱ་གར་། དབྱིན་ཇི། རྒྱ་ཡིག །ཀོ་རི་ཡན། སི་ཕན། ཧྤ་རན་སི། འཇར་མན་བཅས་ཡིན།

༥  བརྗོད་བྱའི་སྙིང་དོན་ཁ་གསལ་གོ་བདེ་ཡོད་དགོས།

¡@

གཤམ་གསལ་གྱི་དཔེར་བརྗོད་འདི་ནི།

རྒྱལ་དབང་ཀརྨ་པ་མཆོག་ནས་ཨ་རིའི་ནི་ཡོག་འཛམ་གླིང་ཚོང་དོན་ལྟེ་གནས་གཏོར་བཤིག་བྱུང་སར་ཕྱག་བྲིས་གནང་བའི་སྨོན་ཚིག་སྙན་རྩོམ་ཞིག་ཡིན།

ཞི་བདེའི་སེམས་དང་།

ཞི་བདེའི་ཚོར་བ།

ཞི་བདེའི་རྣམ་དཔྱོད་བཅས་ཀྱིས།

འཇིག་རྟེན་འདི་མུན་པ་ནས་སྣང་བར་འདྲེན་པར་གྱུར་ཅིག

¡@

གཤམ་གསལ་གྱི་དཔེར་བརྗོད་འདི་ནི་ ཧེ་ས་གྷ་ ཝ་ཡི་བྷེ་ས་  ནས་བྱིས་པ་ཡོངས་ཀྱི་ཆེད་དུ་སྨོན་པའི་སྙན་ཚིག་ཞིག་ཡིན།

ཁྱེད་ཞི་བདེ་དང་རང་དབང་ལྡན་པའི་འཚོ་བ་བསྐྱལ་བར་གྱུར་ཅིག

ཁྱེད་བརྩེ་བ་དང་། ཡིད་ཆེས་བདེ་འཇགས་བཅས་ཀྱི་ཚོར་སྣང་ཁྲོད་འཚར་ལོངས་འབྱུང་བར་གྱུར་ཅིག

ཁྱེད་གཞན་གྱིས་ཁས་ལེན་དང་བརྩི་འཇོག་ཐོབ་པའི་ངང་སྲོལ་རྒྱུན་གོམས་སྲོལ་དང་སྐད་ཡིག་སློབ་སྦྱོང་བྱེད་པར་གྱུར་ཅིག

ཁྱེད་ལུས་སེམས་བདེ་ཐང་ཡོང་བར་གྱུར་ཅིག

ཁྱེད་ལ་དྭངས་གསལ་གྱི་ཆུ་དང་། དྭངས་གཙང་གི་མཁའ་རླུང་། རང་བྱུང་དང་བདེ་ཐང་གི་ཟས་སྣ་འཛོམས་པར་གྱུར་ཅིག

ཁྱེད་ཀྱིས་རང་ཉིད་ནི་གཅིག་ལ་གཉིས་པ་མེད་ཅིང་དམིགས་གསལ་ཁྱད་ཆོས་ལྡན་པ་ཞིག་ཏུ་ཤེས་པར་གྱུར་ཅིག

ཁྱེད་རྒན་རབས་གྱི་ནང་དུ་གཞུང་དྲང་དང་བཟང་པོའི་ལམ་སྟོན་ཐོབ་པར་གྱུར་ཅིག

ཁྱེད་དང་ཁྱེད་ཀྱི་གྲོགས་པོ་ཕན་ཚུན་དབར་བསམ་འཆར་བརྗེ་རེས་དང་གུས་བརྩི་འཐོབ་པར་གྱུར་ཅིག

ཁྱེད་ཀྱིས་འཚེ་བ་མེད་པའི་ངང་ནས་རང་ཉིད་མངོན་སྟོན་ཐུབ་པར་གྱུར་ཅིག

ཁྱེད་ཀྱིས་གོ་ལའི་ཁྱོན་གྱི་སྐྱེ་དངོས་ཡོངས་ལ་གཅེས་སྤྲས་དང་གུས་བཀུར་བྱེད་པར་གྱུར་ཅིག

¡@

གཤམ་གསལ་གྱི་དཔེར་བརྗོད་ནི་ཀརྨ་ཆོས་འཕེལ་གྱིས་དམག་མི་རྣམས་ཀྱི་ཆེད་དུ་སྨོན་པའི་སྙན་ཚིག་ཡིན།

ངེད་ཅག་གིས། ཁྱོད་ཀྱི་སེམས་ནང་དུ། མཐོང་ཚད་དང་། བྱས་ཚད་ཀྱི།

ཁ་ཐོར་ཡ་བྲལ་དུ་ཕྱིན་པའི་གཟུགས་བརྙན་རྣམས་བསལ་བའི་སྨོན་ལམ་ཞུ།

ཁྱེད་ཀྱི་སེམས་གཏིང་དུ་གཅུས་ཕུར་རྒྱབ་པའི་མདུད་ནག་གིས་ཡོངས་སུ་དཀྲིས་པའི། ཡི་མུག་གི་མེ་ལྕེ་དེ་རབ་ཏུ་ཞི་བར་སྨོན།

ཁྱེད་ཀྱིས་འགྱེལ་ཞིང་། སླར་འགྱེལ་བའི་ཞལ་ཁྱིམ་དེ་དང་། ཕྱི་མིག་ཟུང་དེ། སླར་ཡང་མཐོང་བར་མ་གྱུར་ཅིག

འཇམ་མཉེན་གྱི་ཆར་ཆུས། ཁྱོད་ཀྱི་བཞིན་རས་བཀྲུས་ཏེ། བག་དྲོ་བའི་ངང།

ཁྱེད་ཀྱིས། ལྷད་མེད་པ་དང་འོད་གསལ་བའི་རང་ཞལ་དེ་མཐོང་བར་གྱུར་ཅིག

¡@

ཁྱེད་ཀྱིས་སེམས་ནང་གི་སྨོན་ལམ་རྣམས་སྙན་མོའི་ཚིག་ཏུ་བསྒྱུར་ཏེ། ཡིག་ཐོག་ནས་གློག་འཕྲིན་འདིའི་ཐོག་བསྐུར་གནང་ཡོང་བར་ཞུ།

26thprayers@kagyumonlam.org    ཟླ་བ་བཅུ་པའི་ཟླ་མགོའི་བར་ཡིན།

¡@

མིག་སྔར་ང་ཚོར་འབྱོར་སོན་བྱུང་བའི་སྨོན་ཚིག་ནི།      

 རྒྱ་སྐད།

དབྱིན་སྐད།

 ཧྥེ་རེན་ཅེ།

 ཇར་མན།

ཧིནྡི།

 ཀོ་རི་ཡན།

 སི་པཻ་ནི་ཤི།

 བོད་སྐད།

 192

 110

 55

 85

 1

 11

 34

 2

¡@

¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.