|
བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་བདུན་པའི་མཛད་རིམ།
¡@
༡༽ བཀའ་བརྒྱུད་སྨོན་ལམ་ཉིན་བདུན་པའི་ཞོགས་པའི་མཛད་རིམ།
ཕྱི་ལོ ༢༠༠༩
ཕྱི་ཟླ་དང་པོའི་ཚེས་བཅུ་སྟེ་བཀའ་བརྒྱུད་སྨོན་ལམ་ཉིན་བདུན་པར་ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་སྒྲུབ་བརྒྱུད་བསྟན་
པའི་མངའ་བདག་༧རྒྱལ་དབང་ཀརྨ་པ་མཆོག་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་སྨོན་
ལམ་དུ་འཁོད་པའི་དགེ་ཚུལ་སློང་ཀུན་ལ་གསོ་སྦྱོང་གི་སྡོམ་པ་བསྩལ།


༧ཡིད་ནོར་མཆོག་ནས་ཞོགས་པ་གསོ་སྦྱོང་གི་བསླབ་སྡོམ་སྩོལ་བཞིན་པ།
༢༽ རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཆོས་བསྐོར།
དེ་མཇུག་མི་འཁྲུགས་པའི་ཆོ་ག་དབུ་འཛུགས་བསྐྱངས་ཏེ་མུ་མཐུད་དེ་གསུང་འདོན་གནང་བཞིན་པའི་མུར་ཆུ་ཚོད་བརྒྱད་དང་ཕྱེད་
ལ་མཆོད་རྟེན་ཆེན་མོའི་སྐོར་ལམ་ཕྱི་ནང་བར་གསུམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཆོས་བསྐོར་མཛད། ཆོས་བསྐོར་གྲུབ་མ་
ཐག་འཕགས་ཚོགས་འདུས་པ་རྒྱ་མཚོས་སྐྱབས་སེམས་དང་མཎྜལ་སྔོན་དུ་འགྲོ་བའི་ཐོག་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་
སྒྲོགས་མཛད་དེ་མཇུག་བསྔོ་བའི་མཚམས་སྦྱོར་ཡང་དག་དང་བཅས་ལེགས་པར་གྲུབ་སྟེ་ཆུ་ཚོད་བཅུ་གཅིག་པར་ཡིད་ནོར་མཆོག་
གང་གི་བཞུགས་གནས་སུ་ཕྱིར་ཕེབས་མཛད། གུང་གི་ལྗགས་སྨིན་གྲུབ་རྗེས་སླར་ཡང་གུང་ཡོལ་ཆུ་ཚོད་གཅིག་དང་ཕྱེད་ཐོག་མཆོད་
རྟེན་ཆེན་མོའི་སྤྱན་སྔར་ཞབས་སོར་འཁོད་དེ་མི་འཁྲུགས་པའི་ཆོ་ག་དེ་བཞིན་མཇུག་མཐུད་བསྐྱངས། ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག་
མགོན་པོ་མཆོག་བཞུགས་གནས་སུ་ཕྱིར་ཕེབས་མཛད།

༧ཡིད་ནོར་མཆོག་ནས་ཐུབ་པའི་སྐུ་བརྙན་གྱི་དྲུང་དུ་ཡན་ལག་བདུན་པའི་མཆོད་པ་འབུལ་བཞིན་པ།


དགེ་འདུན་རྣམས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆོས་སྐོར་མཛད་བཞིན་པ།

ཆོས་སྐོར་ཕེབས་ལམ་དུ་དད་ལྡན་རྣམས་ནས་མེ་ཏོག་བཀྲམ་པ།

བཀའ་འགྱུར་དག་སྒྲོགས་སྐབས་དགེ་འདུན་སོ་སོར་དཔེ་ཆ་འགྲེམས་བཞིན་པ།

༧ཡིད་ནོར་མཆོག་ནས་རྒྱལ་བའི་བཀའ་འགྱུར་ལྗགས་ཀློག་མཛད་བཞིན་པ།

འཇའ་ཚོན་རིན་པོ་ཆེ་ནས་བཀའ་འགྱུར་སྒྲོག་སྦྱང་མཛད་བཞིན་པ།

བཙུན་ཆུང་ཞིག་ནས་རྒྱལ་བའི་བཀའ་འགྱུར་ཀློག་བཞིན་པ།

དགེ་འདུན་འདུས་ཚོགས་ཡོངས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས་མཛད་བཞིན་པ།
༣༽ མི་འཁྲུགས་པའི་ཆོ་ག་དང་འབྲེལ་བའི་སྦྱིན་སྲེག
མཚན་མོ་ཆུ་ཚོད་བརྒྱད་དང་ཕྱེད་ལ་བྱང་ཆོག་གི་སྦྱིན་སྲེག་སྐབས་ཀྱི་དམིགས་ཡུལ་གཙོ་བོ་ད་ལན་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་མུམ་
བྷ་ཡེ་ནང་བྱུང་བའི་རྐྱེན་ངན་སྐབས་རྐྱེན་ལམ་དུ་གྱུར་པ་རྣམས་དང་དེ་བཞིན་བི་ཧར་དུ་ཆུ་ལོག་གིས་རྐྱེན་ལམ་དུ་གྱུར་པའི་མི་
རྣམས་དང་། བོད་དུ་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་བདེན་མཐའི་འཐབ་རྩོད་སྐབས་རྐྱེན་ལམ་དུ་གྱུར་པ་རྣམས་དང་། དེ་བཞིན་
རྒྱ་ནག་ཏུ་ས་ཡོམ་གྱི་རྐྱེན་ངན་སྐབས་རྐྱེན་ལམ་དུ་གྱུར་པ་སྟེ་མར་གྱུར་ཚེ་ལས་འདས་ཚད་རྣམས་ཀྱི་ཆེད་དུ་དམིགས་ཏེ་མི་འཁྲུགས་
པའི་ཆོ་ག་དང་འབྲེལ་བྱང་ཆོག་གི་སྦྱིན་སྲེག་སྤར་གནང་མཛད།


ཉི་ཧོང་ནས་ཐོན་པའི་མི་འཁྲུགས་པའི་སྦྱིན་སྲེག་གི་མཆོད་པའི་གོ་སྒྲིག །




གཏེར་སྒར་འདུ་ཁང་ནང་དུ་མི་འཁྲུགས་པའི་སྒྲུབ་བཞག་མཛད་བཞིན་པ།


གཏེར་སྒར་དགོན་གྱི་སྒོ་མཆོར་དུ་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་ཕྱོགས་
¡@
¡@
¡@ |