¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་དྲུག་པའི་མཛད་རིམ།

¡@

༡༽ བཀའ་བརྒྱུད་སྨོན་ལམ་ཉིན་དྲུག་པའི་ཞོགས་ཚོགས།

ཕྱི་ལོ ༢༠༠༩ ཕྱི་ཟླ་དང་པོའི་ཚེས་དགུ་སྟེ་བཀའ་བརྒྱུད་སྨོན་ལམ་གྱི་ཉིན་དྲུག་པར་ཀྲིག་ཅར་བཞིན་ཞོགས་པ་གསོ་སྦྱོང་གི་སྡོམ་པ་

དེ་བཞིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྩལ་བར་མཛད་རྗེས་དབུ་མཛད་རྣམས་ནས་ཆོས་སྤྱོད་ཞལ་འདོན་གྱི་དབུ་

འཛུགས་བསྐྱངས། སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་ཡིད་ནོར་མཆོག་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་འཁོད་མ་ཐག་

མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཕྱི་རྒྱལ་ཆོས་ཚོགས་ཁག་ཅིག་ནས་འབུལ་མཚན་བསྟར།

 ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཞོགས་པ་གསོ་སྦྱོང་སྡོམ་པ་སྩོལ་བཞིན་པ།

༢༽ ཡིད་ནོར་མཆོག་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་བསྩལ་བ།

དེ་མཇུག་དད་ལྡན་འདུས་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བསྩལ་སྐབས་

མགོན་པོ་མཆོག་ནས་རྗེ་བཙུན་སྒྲོལ་མ་དེ་བཞིན་ཡེ་གདོད་མ་ནས་དེ་བཞིན་གཤེགས་པ་རྔ་སྒྲ་འཁོར་དང་བཅས་པའི་མདུན་དུ་

དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་མཐར་ཐུག་མངོན་པར་རྫོགས་པ་འཚང་མ་རྒྱས་ཀྱི་བར་དུ་བུད་མེད་ཀྱི་

རྟེན་དུ་བྱོན་ནས་སེམས་ཅན་གྱི་དོན་མཛད་རྒྱུའི་དམ་བཅའ་བཞེས་པ་བཞིན་བསྐལ་པ་རྣམ་པར་རྒྱལ་བ་ཞེས་དེ་བཞིན་གཤེགས་

པ་དོན་ཡོད་གྲུབ་པའི་སྐབས་ནས་སེམས་ཅན་བྱེ་བ་མང་པོ་འཁོར་བ་ལས་སྒྲོལ་ནས་མངོན་པར་རྫོགས་པ་སངས་རྒྱས་ཀྱི་ས་ལ་

འགོད་པར་མཛད་པས་ན་སྒྲོལ་མ་ཞེས་པའི་མཚན་ཐོགས་ཤིང་དེ་ཉིད་རྟག་ཏུ་བསྙེན་པར་བྱས་ན་འཇིགས་པ་བརྒྱད་དང་བཅུ་

དྲུག་སོགས་ལས་སྐྱོབ་པ་ལ་མཆོག་ཏུ་གྱུར་པ་ཡིན་པར་འཕགས་བོད་ཀྱི་མཁས་གྲུབ་ཡོངས་ཀྱིས་བཞེད་པ་ཡིན།

¡@

རྗེ་བཙུན་འཕགས་མ་སྒྲོལ་མའི་སྣང་བརྙན་རྒྱ་གར་ནང་དུ་ཤིན་ཏུ་ཁྱབ་ཆེན་པོ་ཡིན་པ་ལྟར་བོད་དུའང་གསར་རྙིང་གི་བཞེད་

སྲོལ་གཉིས་ཀར་སྒྲོལ་མའི་དར་ཁྱབ་ཧ་ཅང་ཆེ་བ་ཡིན། ཇོ་བོ་ལྷ་གཅིག་དྭི་པམ་ཀ་རས་རྗེ་བཙུན་སྒྲོལ་མ་ལ་ཐུགས་དམ་གྱི་

མཐིལ་དུ་མཛད་པ་ཡིན་སྟབས་ཇོ་བོ་ལྷ་གཅིག་ཅེས་གྲགས་པ་ཡིན། དེ་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་

ཀྱིས་ཚེ་བསྲིང་ཚུལ་ནི་སྔར་དགེ་བཤེས་བགྲེས་པ་ཞིག་ཞག་ཤས་ཀྱི་རྗེས་སུ་འཆི་ལ་ཐུག་པ་ཞིག་གིས་སྒྲོལ་དཀར་ཡིད་བཞིན་

འཁོར་ལོའི་རྗེས་གནང་དང་བཅས་པ་བཞེས་པས་དགེ་བཤེས་དེ་ཉིད་དགུང་གྲངས་དྲུག་ཅུ་བར་དུ་སྐུ་ཚེ་བསྲིངས། སླར་

དགུང་གྲངས་དྲུག་ཅུར་སོན་སྐབས་སྒྲོལ་མར་གསོལ་བ་བཏབ་པ་བཞིན་སྒྲོལ་མའི་སྐུ་ཐང་ཞིག་གསར་དུ་བཞེངས་པས་དགུང་

གྲངས་བཅུའི་ཚེ་བསྲིངས་ཏེ་དགུང་གྲངས་བདུན་ཅུར་སོན།

¡@

སླར་ཡང་རྗེ་བཙུན་སྒྲོལ་མའི་ལུགས་སྐུ་ཞིག་བཞེངས་པས་དགུང་གྲངས་བརྒྱད་ཅུ་བར་འཚོ། དགུང་གྲངས་བརྒྱད་ཅུར་སོན་སྐབས་

ཕྱིར་ཡང་རྗེ་བཙུན་སྒྲོལ་མར་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གཏན་ཐུབ་ཅིག་བཞེངས་པས་སླར་

ཡང་དགུང་གྲངས་བཅོ་ལྔའི་སྐུ་ཚེ་བསྲིངས་ཏེ་ཡོངས་བསྡོམས་དགུང་གྲངས་དགུ་བཅུ་རྩ་ལྔའི་བར་དུ་འཚོ་བཞུགས་མཛད་པའི་

ལོ་རྒྱུས་ཡོད། དེ་བཞིན་མཉམ་མེད་ཆོས་རྒྱལ་དྭགས་པོ་ལྷ་རྗེ་ཡང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ལ་བརྟེན་ནས་

སྐུ་ཚེ་ཡུན་དུ་བསྲིངས་ཏེ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱིས་ཐོག་མར་ཇོ་བོའི་སྐུ་མདུན་ནས་བཀའ་གདམས་པའི་ཆོས་འཁོར་

གསན་ཞིང་དེ་མཇུག་རྗེ་བཙུན་གྱི་སྤྱན་སྔ་ནས་ཕྱག་རྒྱ་ཆེན་པོའི་ཆོས་རྒྱུན་གསན་པས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་གདམས་

པ་སྤེལ་བ་སོགས་བསྟན་འགྲོའི་བྱ་བ་རླབས་ཆེན་མཛད་པ་ཡིན།

¡@

སྒོམ་ཚུལ་ཡང་སྟོང་ཉིད་ཀྱིས་མ་ཟིན་པ་དང་བྱམས་སྙིང་རྗེས་མ་ཟིན་པར་ལྷ་སྐུ་བསྒོམ་ཚེ་འཁོར་བའི་གཉེན་པོར་མི་འགྲོ་བ་དང་།

འདྲེ་གདུག་པ་ཅན་ལ་སྐྱེ་བའི་ཉེན་ཡོད་པར་གསུངས། སྤྱིར་སྣང་སྟོང་ཟུང་འཇུག་གི་ངང་ནས་ལྷར་བསྐྱེད་རྒྱུ་དེ་སྔགས་ཀྱི་ཁྱད་

ཆོས་ཡིན། སྣང་མཆེད་ཐོབ་གསུམ་གྱི་རགས་པའི་སྣང་བ་མར་ནུབ་ནས་བློ་ཇེ་ཕྲ་ཇེ་ཕྲར་གྱུར་སྐབས་འཆི་བ་འོད་གསལ་ངོ་འཕྲོད་

པར་འགྱུར་བ་ཡིན། གཞིའི་གནས་སྐབས་སམ་ལམ་སྦྱངས་པའི་གནས་སྐབས་སུ་འབྲས་བུའི་དུས་ཀྱི་སངས་རྒྱས་དངོས་སུ་བསྒོམ་པ་

ལ་འབྲས་བུ་རྡོ་རྗེ་ཐེག་པ་ཞེས་བརྗོད་ཅིང་། འབྲས་བུ་སངས་རྒྱས་སྐབས་ཀྱི་སངས་རྒྱས་ཀྱི་མཚན་དཔེ་གསལ་རྫོགས་རྣམས་ཀྱང་

ད་ལྟའི་ཕུང་པོ་རགས་པ་དོར་ཏེ་བསྒོམ་དགོས་པ་ཤིན་ཏུ་གནད་ཆེ། 

¡@

འོན་ཏང་ད་ལྟ་རང་གི་སེམས་རྒྱུད་ལ་ཡོད་པའི་དགེ་བའི་རྩ་བ་ཕྲ་མོ་རྣམས་ལ་སྣང་ཆུང་དུ་བཏང་ནས་མཐོར་སྙེགས་བགྱིད་ཚེ་

གང་ཡང་སྒྲུབ་ཐབས་དབེན། དེར་བརྟེན་རངརྒྱུད་ལ་ཡོད་པའི་དགེ་བའི་བག་ཆགས་ཕྲ་མོ་རྣམས་གོང་ནས་གོང་དུ་འཕེལ་བའི་

ཐབས་ལ་བརྩོན་དགོས་པ་སོགས་སྒྲོལ་མའི་རྗེས་གནང་དང་འབྲེལ་བའི་ལམ་སྟོན་ཟབ་ཅིང་རྒྱས་པ་བསྩལ།

¡@

༧ཡིད་ནོར་མཆོག་ནས་འདུས་མང་ཡོངས་ལ་སྒྲོལ་དཀར་གྱི་རྗེས་གནང་སྩོལ་བཞིན་པ།

མཆོད་གཡོག་གིས་འདུས་ཚོགས་སུ་ཁྲུས་ཆུ་འགྲེམས་བཞིན་པ།

 དད་ལྡན་མི་མང་རྣམས་ནས་སྒྲོལ་དཀར་གྱི་རྗེས་གནང་ཞུ་བཞིན་པ།

༣༽དུས་འཁོར་ཐང་ཆེན་དུ་སྤྲངསྟོན་མཛད་སར་གཟིགས་ཞིབ་སྐྱོང་བཞིན་པ།

དེ་མཇུག་འཆི་གསོན་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་དང་ཕྱག་ཚོད་བཅུ་གཅིག་པའི་ཐོག་དུས་འཁོར་ཐང་ཆེན་གྱི་མདུན་དུ་

༧སྐྱབས་རྗེ་སི་ཏུ་རིན་པོ་ཆེ་མཆོག་ནས་སྦྱིན་བདག་མཛད་དེ་བཀའ་བརྒྱུད་སྨོན་ལམ་གྱི་དུས་ཡུན་རིང་མཆོད་རྟེན་ཉེ་འཁོར་དུ་

ཡོད་པའི་སྤྲང་པོ་རྣམས་ལ་སྤྲང་སྟོན་མཛད་བཞིན་པར་གཟིགས་ཞིབ་ལེགས་པར་བསྐྱངས།

༧ཡིད་ནོར་མཆོག་ནས་དུས་འཁོར་ཐང་ཆེན་དུ་སྤྲངསྟོན་མཛད་སར་གཟིགས་ཞིབ་སྐྱོང་བཞིན་པ།

དྭང་བླང་ཞབས་ཞུ་བས་ལྡོམ་བུ་བ་རྣམས་ལ་ཟས་ལྡུག་བཞིན་པ།

ལྡོམ་བུ་བ་རྣམས་སྦྱིན་ཟས་ལ་སྤྱོད་བཞིན་པ།

སྤྲང་པོ་རྣམས་ལ་སྤྲང་སྟོན་མཛད་བཞིན་པ།

༤༽ ཕྱི་དྲོའི་མཇལ་མང་དང་ཚོགས་འདུ།

གུང་ཡོལ་ཕྱག་ཚོད་གཉིས་དང་ཕྱེད་ལ་ཕྱིར་ཕེབས་མཛད་དེ་ཅུང་ཟད་སྐུ་མཉེལ་སོས་གནང་དང་དགོང་དྲོ་ཕྱག་ཚོད་བཞི་པར་ཕྱི་

ནང་དད་ལྡན་རྣམས་ལ་མཇལ་ཁ་བསྩལ། དགོང་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཐོག་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་འགན་

འཛིན་བགྲེས་གཞོན་རྣམས་དང་ལྷན་དུ་ལེགས་སྤེལ་ཉེས་འགོག་གི་ཚོགས་འདུ་འཚོགས་གནང་མཛད།

¡@

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.