བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པའི་ཉིན་དང་པོའི་མཛད་རིམ།
༡༽ ༧རྒྱལ་དབང་ཀརྨ་པས་གསོ་སྦྱོང་གི་བསླབ་སྡོམ་བསྩལ་བ།
ཕྱི་ལོ་༢༠༠༩ ཕྱི་ཟླ་དང་པོའི་ཚེས་བཞི་དང་། རབ་རྒྱན་ས་བྱི་ལོའི་མགོ་ཟླ་བའི་ཚེས་༨ ཉིན་འགྲོ་མགོན་བཀའ་བརྒྱུད་པའི་སྨོན་ལམ་ཆེན་
མོ་ཐེངས་ཉེར་དྲུག་པ་དེ་བཞིན་སྔར་མུས་བཞིན་གནས་མཆོག་རྡོར་གདན་དུ་དབུ་འཛུགས་བསྐྱངས་ཤིང་། སྨོན་ལམ་ཚོགས་མགོན་དུ་
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་ཆིབས་སྒྱུར་
བསྐྱངས་ཏེ་ཐེག་ཆེན་གསོ་སྦྱོང་གི་བསླབ་སྡོམ་རྒྱལ་དབང་ཉིད་ཀྱིས་བསྩལ།
དེ་རྗེས་སྨོན་ལམ་ཉི་ཤུ་པའི་ཆོས་སྤྱོད་གསུང་འདོན་དང་
དགེ་འདུན་ཚོགས་མང་ཡོངས་ལ་མི་ལའི་རྣམ་ཐར་དང་འབྲེལ་བའི་སེམས་ཉིད་གནས་ཐབས་སྐོར་གྱི་གསུང་ཆོས་བསྩལ།
¡@

གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ནང་གི་ཐུབ་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ།

༧རྒྱལ་དབང་མཆོག་གིས་ཐེག་ཆེན་གསོ་སྦྱོང་གི་བསླབ་སྡོམ་སྩོལ་བཞིན་པ།

༧རྒྱལ་དབང་མཆོག་གི་གཡོན་ཕྱོགས་སུ་༧སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ་གསོ་སྦྱོང་གི་སྡོམ་པ་བཞེས་བཞིན་པ།

༧རྒྱལ་དབང་མཆོག་གི་གཡས་ཕྱོགས་སུ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གསོ་སྦྱོང་གི་སྡོམ་པ་བཞེས་བཞིན་པ།

དགེ་འདུན་ཡོངས་ཀྱིས་༧རྒྱལ་དབང་མཆོག་གི་སྐུ་གམ་ནས་གསོ་སྦྱོང་གི་སྡོམ་པ་བཞེས་བཞིན་པ།

༧རྒྱལ་དབང་མཆོག་ནས་མི་ལའི་རྣམ་ཐར་དང་འབྲེལ་བའི་སེམས་ཉིད་གནས་ཐབས་སྐོར་གྱི་གསུང་ཆོས་སྩོལ་བཞིན་པ།
༢༽ སྨོན་ལམ་དུ་བླ་སྤྲུལ་མཁན་པོ་རྣམས་དང་དགེ་འདུན་པ་ཇི་ཙམ་ཕེབས་པ།
འདི་ལོར་སྨོན་ལམ་དུ་གཞན་ཡང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་ཆུང་སྲིད་རིན་པོ་ཆེ་མཆོག་
དང་།སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ། སྐྱབས་རྗེ་གར་དབང་རིན་པོ་ཆེ། སྐྱབས་རྗེ་ཀ་ལུ་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ།
ཡོངས་འཛིན་
ཁྲ་འགུ་རིན་པོ་ཆེ། ཨ་འཛིན་སྤྲུལ་སྐུ། སྒྲུབ་དཔོན་བདེ་ཆེན།
བག་ཡོད་རིན་པོ་ཆེ།
འབར་རྡོ་སྤྲུལ་སྐུ།
རི་འགུལ་སྤྲུལ་སྐུ་སོགས་སྤྲུལ་
པའི་སྐུ་དུ་མ་དང་།
མཁན་ཆེན་བློ་གྲོས་དོན་ཡོད་མཆོག་གི་དབུས་བཀའ་བརྒྱུད་བཤད་གྲྭ་ཁག་གི་མཁན་པོ་རྣམ་པ་དང་དེ་བཞིན་
སྒྲུབ་བླ་ཁག་གཞན་ཡང་ཚོགས་གྲྭ་ཁག་གི་དབུ་རྡོར་ཆོས་གསུམ་གྱི་དབུས་པའི་བཤད་སྒྲུབ་ཀྱི་འདུས་སྡེ་བཞི་སྟོང་ལ་ཉེ་བ་ཞོགས་པ་
རྡོར་གདན་མཆོད་རྟེན་ཆེན་མོའི་སྤྱན་སྔར་ཚོགས་ཞུགས་བསྐྱངས། ཆུ་ཚོད་ 11 ཐོག་ཡིད་ནོར་མཆོག་གང་གི་བཞུགས་གནས་གཏེར་
སྒར་དགོན་དུ་ཕྱིར་ཕེབས་མཛད་དེ་དགེ་སློང་རྣམས་ལ་གུང་ཚིགས་གསོལ་ཚུལ་དང་འབྲེལ་བའི་བཀའ་སློབ་མདོར་བསྡུས་བསྩལ།
¡@


༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག །

༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག །

༧སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ། སྐྱབས་རྗེ་གར་དབང་རིན་པོ་ཆེ། ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་ལྷན་རྒྱས་སྐུ་པར།

༧སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག །

༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་། སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་དང་། མི་འགྱུར་རིན་པོ་ཆེ་ལྷན་རྒྱས་སྐུ་པར།

སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ།

སྐྱབས་རྗེ་ཀ་ལུ་རིན་པོ་ཆེ།

ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ།

ཡོངས་དགེ་མི་འགྱུར་རིན་པོ་ཆེ།

མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ།

ཨ་འཛིན་སྤྲུལ་སྐུ། སངས་རྒྱས་སྤྲུལ་སྐུ། བློ་གྲོས་ཉི་མ་རིན་པོ་ཆེ།

བག་ཡོད་རིན་པོ་ཆེ།

བཤད་གྲྭ་ཁག་གི་མཁན་པོ་རྣམ་པའི་སྐུ་པར།
¡@
༣༽ དད་ལྡན་མི་མང་རྣམས་ཕྱི་ནང་ཡུལ་གྲུ་གང་ནས་ཕེབས་མིན།
འདི་ལོ་བཀའ་བརྒྱུད་སྨོན་ལམ་དུ་ཕེབས་པའི་ཕྱི་ནང་གི་དད་ལྡན་པ་རྣམས་ནི། ཨ་རི། དབྱིན་ཇི། རྒྱ་ནགཧོང་ཀོང་། ཕ་རན་སི། འཇར་
མ་ཎི། ཨུ་རུ་སུ། ཉི་ཧོང་། ཀོ་རི་ཡ།ཡུག་རེན། ཐེ་ཝེན། མ་ལེ་ཤིཡ། སིངྒ་པུར། བལ་ཡུལ། འབྲུག་སོགས་རྒྱལ་ཁབ་དུ་མ་ནས་ཕེབས་པ་
ཡིན།
¡@
༤༽སྨོན་ལམ་ཚོགས་པས་སྨན་ཁང་ས་ཕྱོགས་གང་དུ་བཙུགས་གནས།
གཞན་ཡང་འདི་ལོ་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་ཡིད་ནོར་མཆོག་གི་བཀའ་དགོངས་བཞིན་ནད་མནར་ཁག་ལ་རིན་མེད་སྨན་
སྦྱིན་དང་ནད་པ་བརྟག་དཔྱད་ཕྱིར་འཕགས་བོད་ཀྱི་ལྷ་རྗེ་ཟུར་འཛུགས་མཆིས་ཤིང་ཕྱི་ནང་གི་ནད་མནར་བ་རྣམས་ཀྱང་རིམ་པས་དེར་
གཏུགས་བཞིན་པ་ཡིན། སྨན་སྦྱིན་ཁང་དེ་བཞིན་སིདྷརཐ་གསོལ་མགྲོན་ཁང་གི་ཉེ་འདབས་སུ་སྨོན་ལམ་འཚོགས་ཡུན་རིང་གསར་
འཛུགས་བསྐྱངས་ཡོད།
¡@


སིདྷརཐ་གསོལ་མགྲོན་ཁང་གི་ཉེ་འདབས་ལྷ་རྗེས་ནད་མནར་བ་ལ་བརྟག་དཔྱད་བྱེད་བཞིན་པ།

ནད་མནར་བ་རྣམས་ལ་འབུལ་རྒྱུའི་སྨན་རིགས་སྣ་ཚོགས།

ནད་མནར་བ་རྣམས་ལ་འབུལ་རྒྱུའི་སྨན་རིགས་གྲ་སྒྲིག་བྱེད་བཞིན་པ།
¡@
༥༽ དགེ་འདུན་པའི་བཞུགས་གནས།
སྔར་མུས་བཞིན་སྨོན་ལམ་ཚོགས་ཕེབས་དགེ་འདུན་བྱིངས་རྣམས་སྔ་འགྱུར་རྙིང་མའི་མགྲོན་ཁང་དུ་བཞུགས་ཡོད་ཅིང་། དགེ་འདུན་
ཞལ་གྲངས་སུམ་སྟོང་ལྷག་ཙམ་དེ་ཉིད་དུ་མཆིས་ཤིང་། སྔ་དགོང་གི་གསོལ་ཚིགས་རྣམས་ཀྱང་དེ་ཉིད་དུ་གོ་སྒྲིག་ཚུལ་བཞིན་མཛད་
ཡོད།
དགེ་འདུན་པ་ཁག་ཅིག་རྣམ་རྒྱལ་གྲྭ་ཚང་གི་མགྲོན་ཁང་དང་གང་འཚམས་ཤིག་གཏེར་སྒར་དགོན་ཉིད་དུ་བཞུགས་ཡོད།
¡@
༦༽ དམིགས་བསལ་གྱི་མཆོད་པ་ཁག
འདི་ལོ་བཀའ་བརྒྱུད་སྨོན་ལམ་དུ་སྔར་རྒྱུན་དང་མི་མཚུངས་པར་རྒྱལ་ཁབ་བརྒྱ་ཕྲག་ལྷག་གི་རྡོ་རིགས་ལས་གྲུབ་པའི་མཎྜལ་གྱི་མཆོད་
པ་དང་། རྒྱལ་ཁབ་དུ་མའི་ཤིང་འབྲས་དང་ཟས་སྣ་འབྲུ་སྣ་ལས་གྲུབ་པའི་ཡིད་དུ་འོང་བའི་མཆོད་སྤྲིན་ཁག གྲུབ་མཐའ་བཞིའི་མཛེས་
བཀོད་ཕུན་སུམ་ཚོགས་པའི་རྒྱན་གཏོར་དང་། བཀའ་བརྒྱུད་ནང་ཁོངས་སུ་ཡང་མར་པ་བཀའ་བརྒྱུད། མི་ལའི་བཀའ་བརྒྱུད་དང་
དྭགས་པོ་བཀའ་བརྒྱུད་ཀྱི་རང་ལུགས་ཐུན་མོང་མ་ཡིན་པའི་རྒྱན་གཏོར་རྣམས་མཛེས་བཀོད་ཕུན་སུམ་ཚོགས་པའི་དཔལ་གྱིས་བརྒྱན་
པ་འབའ་ཞིག་གི་མཆོད་སྤྲིན་ཚར་དུ་དངར་བས་བསྟར།
གཞན་ཡང་རྒྱལ་ཁབ་དུ་མའི་སྐད་རིགས་སུ་སྨོན་པའི་སྨོན་འདུན་གྱི་དར་
དཔྱང་ཁག་དཔྱངས་ཡོད། ཁྱད་པར་དུ་འདི་ལོའི་རྒྱལ་སྒོ་གཙོ་བོའི་སྟེང་དུ་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་ལས་
སྒྲིབ་མཐའ་དག་སྦྱོང་བའི་གཟུངས་སྔགས་ཀྱིས་བརྒྱན་ཡོད་པས་རྒྱལ་སྒོ་ནས་ཞུགས་ཚད་མ་ལུས་ལས་སྒྲིབ་དག་པའི་རྟེན་འབྲེལ་ཁྱད་
པར་ཅན་ཡོད།
¡@

མར་མི་དྭགས་གསུམ་གྱི་རྒྱན་གཏོར།

གྲུབ་མཐའ་སོ་སོའི་མཛེས་བཀོད་ཕུན་སུམ་ཚོགས་པའི་རྒྱན་གཏོར།


ཀོ་རི་ཡའི་ཚར་དུ་དངར་བའི་དངོས་བཤམས་ཀྱི་མཆོད་པ་ལྟ་ན་སྡུག་པ། ༼ གཱོ་ཡིམ་སེ། ༽


བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་དྲུག་པར་གསར་དུ་བསྐྲུན་པའི་རྒྱལ་སྒོ་གཙོ་བོ།


སྨོན་ཚིག་གི་ཡིག་དཔྱངས་ཁག །

ཞོགས་པ་གསུང་ཆོས་སྐབས་དགེ་འདུན་རྣམས་སྐུ་ཕྱག་འབུལ་བཞིན་པ།

ཞོགས་པ་གསུང་ཆོས་ཀྱི་ཐུན་མཚམས་སུ་སྒོམ་བསྐྱོན་བཞིན་པ།

གཏེར་སྒར་དུ་དགེ་སློང་རྣམས་གུང་ཚིགས་གསོལ་བཞིན་པ།


རྒྱལ་ཁབ་བརྒྱ་དང་གཅིག་གི་རྡོ་རིགས་ལས་གྲུབ་པའི་མཎྜལ་གྱི་མཆོད་པ།
¡@ |